A New Chapter In Tibetan Computing - In Tibetan

THDL Toolbox > Tibetan Scripts, Fonts & Related Issues > A New Chapter In Tibetan Computing - In Tibetan

A New Chapter in Tibetan Computing

Contributor(s): Christopher Walker

notepadShotCropped.png
Figure 1: Using Notepad in Microsoft Vista

སྤྱི་ལོ་ ༢༠༠༧ ལོའི་ཟླ་བ་དང་པོའི་ཟླ་མཇུག་གི་རྗེས་སུ་གློག་ཀླད་བེད་སྤྱོད་ཀྱིས་བོད་ཡིག་ འབྲི་ཀློག་བྱེད་པ་དེ་སླ་རུ་འགྲོ་གི་རེད། དེའི་སྐབས་ལ་ མེཁརོ་སོཧྥཊ་ Microsoft ཡིས་ ཝིནཌོསེ་ ཝེསཊ་ Windows Vista ཟེར་བ་དེ་ཚོང་ཁང་དང་ཀློག་གླད་བཟོ་གྲྭ་ཁག་བརྒྱུད་རྒྱ་ཆེར་འགྲེམས་སྤེལ་བྱེད་ མགོ་འཛུགས་གི་རེད། ཝེསཊ་བེད་སྤྱོད་ཀྱིས་གློག་ཀླད་ཐོག་ལས་ཀ་བྱེད་སྐབས་ཁྱེད་ཀྱིས་བོད་ཡིག་གི་ ཡིག་གཟུགས་དང་བོད་ཡིག་བྲིས་ཐབས་གཞན་ནས་བཤུ་འཇུག་བྱེད་མ་དགོས་པར་གློག་ཀླད་ ནང་ཡོད་ཡོད་ཡིན་པ་རེད། ཡིག་གཟུགས་དེ་ལ་ མེཁརོ་སོཧྥཊ་ ཧི་མ་ལ་ཡ་ཟེར་ཞིང་། ཡིག་གཟུགས་ཀྱི་དབྱིབས་ནི་རྒྱ་ནག་ནང་གི་བོད་ཡིག་དཔར་སྐྲུན་ཁང་ཁག་ནས་ཐོན་པའི་ དེབ་ཀྱི་ཡིག་གཟུགས་དང་ཤིན་ཏུ་འདྲ་མཚུངས་ཡོད། མེཁརོ་སོཧྥཊ་ གཅིག་གྱུར་གསང་རྟགས་ དང་བསྟུན་ཡོད་སྟབས། ཁྱེད་ཀྱིས་ཡིག་ཚགས་ཅི་ཞིག་བྲིས་ཀྱང་དེ་ནི་རྒྱལ་སྤྱིའི་ནང་ཁུལ་ཕན་ཚུན་ཀློག་ ཐུབ་པ་མ་ཟད། མ་འོངས་པའི་དུས་ཚོད་གང་འཚམས་རིང་ཉར་ཐུབ་པ་བཅས་ལ་གདེང་ཚོད་བྱས་ཆོག་གི་རེད།

ཏར་འཕྲིན་གྱི་དུས་སྐབས་ཀྱི་མོར་སྰི་གསང་རྟགས་ Morse code དང་མཚུངས་པར་ གཅིག་གྱུར་གསང་རྟགས་ནི་ཡི་གེའི་བརྡ་མཚོན་པའི་གསང་རྟགས་ཀྱི་རྣམ་གཞག་ཅིག་ཡིན། འདས་པའི་དུས་སུ། རྒྱང་ཁད་རིང་སར་བརྡ་ལན་བསྐྱལ་རྒྱུར་ཏར་འཕྲིན་གྱིས་ཐབས་ལམ་རྩེ་ཕུད་ཅིག་ཕུལ་ ཡོད་ཅིང་། དེ་ནི་གནས་ཚུལ་རྣམས་ལྰ་ཏིན་གྱི་ཡི་གེ་མཚོན་པའི་ཚེག་ཐིག་དང་ཚེག་ཐིག་ནར་མོའི་ ཚོགས་བྱེ་བྲག་པ་ཁག་གཅིག་ལ་བརྟེན་ཡོད་པ་རེད། ཏར་འཕྲིན་ལས་བྱེད་པར་ཚེག་ཐིག་དེ་རིགས་འབྱོར་མཚམས་གསང་ཨང་དེ་ཚོ་ཕབ་བསྒྱུར་ བྱེད་ཀྱི་ཡོད། སྐབས་དེར་ཤོག་ཐོག་ཏུ་ཕབ་པའི་ཡིག་རིས་ལས་གསང་རྟགས་ཀྱི་བརྡ་བཀྲོལ་ནས་གནས་ཚུལ་ གྱི་བརྡ་ལན་ཏག་ཏག་འཁྱོལ་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། རྒྱལ་སྤྱིའི་ནང་གི་སྤྱི་མཐུན་གྱི་འགྲོ་སྟངས་བྱས་ན། དབྱིན་ཡིག་ L དཔེ་བཞག་ན་གསང་རྟགས་དེ་ཚེག་ཐིག་-ཚེག་ཐིག་ནར་མོ་-ཚེག་ཐིག་-རེད་ལ། P ལ་དཔེ་བཞག་ན་ཚེག་ཐིག་-ཚེག་ཐིག་ནར་མོ་-ཚེག་ཐིག་ནར་མོ་-ཚེག་ ཐིག་རེད། དེ་ནི་རྒྱང་ཁད་རིང་སར་བརྡ་ལན་བསྐྱལ་རྒྱུ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དུ་ གྱུར་ཡོད། མོར་སྰི་གསང་རྟགས་བློ་འཛིན་བྱས་མེད་པའི་མི་ཞིག་ཡིན་ན་ཡང་ཏར་འཕྲིན་ལས་བྱེད་ པའི་རོགས་རམ་བརྒྱུད་ནས་ཁོས་ཐག་རིང་གི་གྲོགས་པོ་ཚོར་གནས་ཚུལ་གཏོང་ཐུབ། འདིའི་རྣམ་གཞག་ཡོངས་རྫོགས་དེ་ཚད་ལྡན་གྱི་གསང་རྟགས་ཤིག་ལ་བརྟེན་ནས་ཡོད་པ་ དེར་དེང་སང་གསང་རྟགས་རྣམ་གཞག་ཟེར་ལ། དེ་ནི་བརྡ་ལན་འབྱོར་ཡུལ་གྱི་ལག་ཏུ་སླེབས་པའི་ཤོག་བྲིས་མ་དེ་དང་ཐ་དད་དུ་གནས་ ཡོད།

LanguageOptionsCropped.png
Figure 2: Exploring Language Options in Vista

འདྲ་མཚུངས་ ཡིན་ལུགས་དེ་ཕུན་སུམ་ཚོགས་པ་ཞིག་བྱུང་མེད་ནའང་། གཅིག་གྱུར་གསང་རྟགས་ཚད་ལྡན་གྱིས་ཕལ་ཆེར་གཅིག་མཚུངས་ཀྱིས་ལས་ཀ་བྱེད་ཀྱི་ཡོད། ཡིན་ན་ཡང་གཅིག་གྱུར་གསང་རྟགས་ཀྱིས་ལྰ་ཏིན་གྱི་ཡི་གེ་ལ་ཆེད་དུ་དམིགས་པ་ཙམ་མ་ ཡིན་པར་འཛམ་གླིང་ཡོངས་ཀྱི་སྐད་རིགས་རྣམས་ནང་དུ་ཚུད་ཐབས་ལ་འབད་བརྩོན་བྱེད་ གི་ཡོད། བོད་ཡིག་ནི་འཛམ་གླིང་ནང་གི་གཟུགས་ཡིག་དང་སྒྲ་ཡིག་བྲིས་མ་སྣ་ཚོགས་ཚང་མ་གསང་ རྟགས་རྣམ་གཞག་གི་རེའུ་མིག་ཆེན་པོ་གཅིག་ཏུ་འཛུད་བཞིན་པ་འདིའི་ཆ་ཤས་གཅིག་རེད། སྐད་ཡིག་གཞན་དང་མཚུངས་པར་བོད་ཡིག་ནི་མཐའ་མཇུག་ཀློག་ཀླད་ཀྱི་ནང་དུ་གཅིག་དང་ ཀླད་གོར་གྱི་གསང་རྟགས་བེད་སྤྱོད་ཀྱིས་གསོག་ཉར་བྱས་པ་ཞིག་ཡིན་ལ། དེར་ཀློག་ཀླད་ཀྱིས་ངེས་པར་དུ་གཅིག་དང་ཀླད་གོར་གྱི་གསང་རྟགས་ཀྱི་ཚོགས་རིང་ མོ་ཞིག་དང་ལྷན་དུ་བསམ་ཞིབ་དང་བརྡ་སྤྲོད་བྱེད་ཀྱི་ཡོད། ཀློག་ཀླད་མཁས་པ་ཚོས་བསྡུས་ཡིག་བེད་སྤྱོད་ཀྱིས་དཔེར་ན་བོད་ཡིག་ལ་ལ་ 0-F-6-3 དང་། བོད་ཡིག་པ་ལ་ 0-F-5-4་ འབྲི་གི་ཡོད། བོད་ཡིག་གི་ཡིག་གཟུགས་གང་ཞིག་བེད་སྤྱོད་བྱས་ཀྱང་དེས་གསང་རྟགས་དེ་ཚོ་ཀློག་ ཀླད་ཀྱི་ཤེལ་སྒོའི་ནང་ཤར་རྒྱུ་ལ་འབྲེལ་བ་ཅི་ཡང་མེད། བོད་ཡིག་གི་གཅིག་གྱུར་གསང་རྟགས་ཏོག་ཙམ་ཤེས་རྒྱུ་དེས་ཕན་ཐོགས་ཡོད་མོད། ཁྱེད་རང་གིས་ མེཁརོ་སོཧྥཊ་ ཝེསཊ་ ཡི་ཐོག་བོད་ཡིག་འབྲི་རྒྱུ་ལ་དེ་ཚོ་ངེས་པར་ཤེས་དགོས་པ་ཞིག་མིན། ཇི་སྲིད་ཁྱེད་ཀྱིས་གཤམ་དུ་གསལ་བའི་རྨང་གཞིའི་ཤེས་བྱ་རྣམས་མ་བརྗེད་པ་དེ་ སྲིད་དུ། གལ་སྲིད་ཁྱེད་ལ་འདོད་པ་ཡོད་ན་གསང་རྟགས་དེ་ཚོ་ཁྱེད་ལ་རྩ་ནས་མི་སྣང་བར་གནས་ཆོག་པ་རེད།

ཝེསཊ་ཡི་ནང་ ཡོད་པའི་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་རྣམ་གཞག་དེ་ཉེ་བའི་ཆར་ཡར་རྒྱས་ སུ་བཏང་བའི་ཝིནཌོསེ་ཡི་རྣམ་གཞག་དེ་ཚོ་ལ་གང་འཚམས་རག་ལས་ཡོད་ཅིང་། དེར་བརྟེན་ཁྱེད་ཀྱིས་ ཝིནཌོསེ་ཨེཀསེ་པི་ Windows XP ལྟ་བུའི་ཀློག་ཀླད་མཉེན་ཆས་རྙིང་བའི་ནང་དགོས་ངེས་ཀྱི་གོམ་པ་རིམ་པ་ཁ་ཤས་མ་ བརྒྱབ་པར་ལམ་སེང་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དེ་བེད་སྤྱོད་བྱེད་མི་ ཐུབ། གནས་ཚུལ་བཟང་པོ་ཞིག་ལ་ཁྱེད་ཀྱིས་ཝིནཌོསེ་ཨེཀསེ་པི་ཀློག་ཀླད་ལ་བཟོ་བཅོས་བྱས་ ཏེ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དེ་ཉར་བ་དང་ཐོན་པ་བྱེད་ཐུབ་པའི་གོ་ སྐབས་ཡོད་པ་རེད། བརྒྱུད་རིམ་དེ་ཚོ་གངས་ལྗོངས་གློག་རྡུལ་དཔེ་མཛོད་ཁང་ Tibetan & Himalayan Digital Library ལྟ་བུའི་དྲ་ཤོག་ཐོག་བཀོད་འདུག་ལ། བོད་ཡིག་དེ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ལ་བསྒྱུར་འདོད་ཡོད་མཁན་དང་ ཀློག་ཀླད་ཤེས་བྱ་མ་ཉུང་བ་ཞིག་ཡོད་པའི་ཀློག་མཁན་ཚོས་དྲ་རྒྱའི་ཐོག་ནས་ཀྱང་རོགས་རམ་འདང་ངེས་ལེན་ཐུབ།

བརྗེད་མི་རུང་ བའི་བསླབ་བྱ་གཞན་ཞིག་ནི། གཅིག་གྱུར་གསང་རྟགས་དེ་ཚོ་བོད་ཡིག་བྲི་ཐབས་མཉེན་ཆས་རྙིང་པ་དང་ཡིག་གཟུགས་ རྙིང་པ་དང་བསྟུན་སླད་དུ་འགྱུར་བ་གཏོང་མི་ཐུབ་པ་དེ་ཡིན། དེ་ལས་ལྡོག་སྟེ། ད་ཡོད་ཀྱི་བོད་ཡིག་བྲི་ཐབས་མཉེན་ཆས་རྙིང་པ་དང་ཡིག་གཟུགས་རྙིང་པ་རྣམས་གཅིག་ གྱུར་བོད་ཡིག་གསང་རྟགས་ལ་བསྟུན་ཆེད་འགྱུར་བ་གཏོང་དགོས། ཡིན་ན་ཡང་། ཐུགས་ཁྲལ་མ་གནང་དང་། བོད་ཡིག་གི་ཀློག་ཀླད་ལ་དགའ་མཁན་སྐོར་ཞིག་གིས་དང་འདོད་ཆེན་པོའི་ངང་ད་ཡོད་ བོད་ཡིག་བྲི་ཐབས་མཉེན་ཆས་དང་ཡིག་གཟུགས་རྣམས་བོད་ཡིག་གཅིག་གྱུར་གསང་རྟགས་དང་ བསྟུན་ཆེད་གསར་བཟོ་དང་འགྱུར་བ་གཏོང་བཞིན་ཡོད། བོད་ཡིག་གི་ཡིག་གཟུགས་དང་བྲི་ཐབས་ཁ་ཤས་བོད་ནང་དུ་དར་ཁྱབ་འགྲོ་སྲིད་ལ། གཞན་ཁ་ཤས་འབྲུག་ཡུལ་དུ་དར་ཁྱབ་འགྲོ་སྲིད། ཡིན་ན་ཡང་། གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གི་རྨང་གཞི་གཅིག་གིས་ཡུལ་ཕྱོགས་གཉིས་ ཀའི་ནང་ཧ་ལམ་ཞབས་ཞུ་གཅིག་མཚུངས་སུ་ཞུ་གི་རེད།

ཁྱེད་རང་ལ་ བོད་ཡིག་གི་བྲི་ཐབས་དང་ཡིག་གཟུགས་བྱེ་བྲག་པ་གཅིག་བཀོལ་དགོས་པའི་ཚད་བཟུང་ མེད་ཀྱང་། མེཁརོ་སོཧྥཊ་ཡི་ནང་ཡོད་བཞིན་པའི་བོད་ཡིག་གི་ཆ་རྐྱེན་རྣམས་མི་མང་པོ་ལ་འདམ་ཁ་ སྟབས་བདེ་པོ་ཞིག་རེད། ཝེསཊ་ཡི་ནང་ཡོད་པའི་བོད་ཡིག་བྲི་ཐབས་དེས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ ཡིག་འབྲི་བར་ཐད་ཀར་འབྲི་ཐུབ་པའི་ལམ་ཁ་ཞིག་སྦྱིན་ལ། གཏག་ཐེབ་གཅིག་མནན་པ་དེ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་གཅིག་མནན་པ་དང་ མཚུངས་ཁར། རྩེག་ཡིག་འབྲི་རྒྱུར་གཏག་ཐེབ་གཅིག་ཆེད་དུ་ཟུར་ཉར་བྱས་ཡོད། གལ་སྲིད་ཁྱེད་རང་ལ་འདོད་པ་ཡོད་ན། ཝེལི་“Extended Wylie” བྲི་ཐབས་དེ་དྲ་རྒྱའི་ཐོག་ནས་རིན་མེད་ཀྱིས་ཕབ་བཤུ་བྱེད་ཆོག་ཆོག་ཡོད། མེཁརོ་སོཧྥཊ་ཧི་མ་ལ་ཡ་ཡི་ཡིག་གཟུགས་ཙམ་མིན་པར་ཡིག་གཟུགས་གཞན་ཁ་ཤས་ཀྱང་དྲ་ རྒྱའི་ཐོག་ནས་རིན་མེད་དུ་ཁྱེད་རང་གི་ཀློག་ཀླད་དུ་ཕབ་བཤུ་བྱེད་ཆོག

KeyboardChoiceCropped.png
Figure 3: Activating Tibetan Keyboard Method

མི་མང་ཆེ་བར་ གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དང་མི་མཐུན་པའི་ཡིག་ཆ་ཁག་ཡིག་གཟུགས་ རྙིང་པའི་བྲིས་པ་ཡོད་པ་རེད། ཡིག་གཟུགས་རྙིང་པ་དེ་ཚོ་ཀློག་ཀླད་ལ་བཅུག་པ་ཡིན་ན། ཡིག་ཆ་རྙིང་པ་དེ་ཚོ་མུ་མཐུད་ནས་ཝེསཊ་ཡི་ནང་དུ་ཀློག་ཐུབ་ཀྱི་རེད། ཡིན་ན་ཡང་། གཅིག་གྱུར་ཅན་གྱི་བོད་ཡིག་དེ་དར་ཁྱབ་ཆེ་རུ་འགྲོ་སྟབས་ཁྱེད་ཀྱིས་ཡིག་ཆ་དེ་ ཚོ་གཅིག་གྱུར་ཅན་གྱི་བོད་ཡིག་ཏུ་བསྒྱུར་རྒྱུའི་རེ་འདོད་བྱེད་སྲིད་པ་རེད། ཀློག་ཀླད་ཀྱི་བོད་ཡིག་མཉེན་ཆས་རྙིང་རིགས་དེ་ཚོ་རྒྱ་ཆེ་ཞིང་སྣ་ཚོགས་པ་ཡིན་ པར་བརྟེན། བོད་ཡིག་གི་ཡིག་ཆ་ཚང་མ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཏུ་བསྒྱུར་ཐུབ་ གི་རེད་ཅེས་བཤད་དཀའ་བ་ཞིག་རེད། ཡིན་ན་ཡང་། ཡོངས་གྲགས་ཀྱི་བོད་ཡིག་ཡིག་གཟུགས་མང་ཆེ་བ་ (སམ་བྷོ་ཊ་ Sambhota, དང་ཊིབ་བིཊ།TIBBET ཊིབེཊ་མེཤིན་ཝེབ། Tibetan Machine Web ཊི་སི་ཨར་སི་ TCRC སོགས་,) བསྒྱུར་རྒྱུའི་མཉེན་ཆས་བཟོས་ཏེ་རིན་མེད་དུ་ཁྱེད་ལ་མཁོ་སྤྲོད་བྱེད་གི་རེད། བསྒྱུར་བྱེད་ཀྱི་མཉེན་ཆས་དེ་ཚོས་ཐེངས་མ་རེ་རེ་བཞིན་ཁྱེད་ཀྱི་ཡིག་ཆ་རྙིང་པ་ རྣམས་ཕུན་སུམ་ཚོགས་པའི་ངང་བསྒྱུར་མི་ཐུབ་པ་ནི་རང་བཞིན་གྱི་གནས་ཚུལ་ཞིག་རེད། ཡིན་ན་ཡང་། དེ་ཚོ་སྟབས་བདེ་པོ་དང་མགྱོགས་ཆ་ཅན་ཡོད་པ་ཁྱེད་རང་གིས་མཐོང་གི་རེད། བསྒྱུར་བྱེད་ཀྱི་མཉེན་ཆས་ཡོད་རིགས་ལས་མང་ཆེ་བ་ནི་བོད་ཡིག་ཀློག་ཀླད་ལ་དགའ་ མཁན་ཚོས་བཟོས་པ་རེད་ལ། བཟོ་མཁན་ཚོ་ལ་འབྲེལ་གཏུགས་བྱེད་པ་བརྒྱུད་ཡར་རྒྱས་གཏོང་བ་ནི་ནམ་ཡང་ཡོང་སྲིད་ པ་ཞིག་རེད། ཇི་ལྟར་ཡང་། མེཁརོ་སོཧྥཊ་ ཝེསཊ་སླེབས་པ་འདིས་དྲ་རྒྱུའི་ཐོག་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་དེ་ཡར་ རྒྱས་སུ་གཏོང་བར་སྐུལ་མ་ཐེབས་ཀྱི་རེད། ལོ་སྔོན་མའི་ནང་། ཀློག་ཀླད་ཐོན་སྐྱེད་ཁོངས་གཏོགས་ཀྱི་མཁས་དབང་ཚོས་དྲ་རྒྱའི་ཐོག་གི་ལས་རིགས་ ཀྱི་དུས་རབས་གསར་པའི་སྐོར་ལ་དགའ་སྣང་ཆེན་པོས་གླེང་མོལ་བྱས་ཡོད་ལ། ལས་རིགས་དེ་ཚོ་ནི་ཀློག་ཀླད་ཀྱི་མཉེན་ཆས་ངོ་མ་ཞིག་དང་ཆ་མཚུངས་པ་རེད། ལས་རིགས་དེ་ཚོ་བོད་ཡིག་ལ་ཁ་བསྐོར་ནས་ཞུས་ན་ཞིབ་འཇུག་བྱེད་ཐབས་དང་ས་རྒྱུས་ རང་བཞིན་ཅན་གྱི་ས་ཁྲ། དྲ་རྒྱའི་ཚིག་མཛོད་སོགས་མཐོང་ཐུབ་གི་རེད། གཅིག་བྱས་ན་འདིའི་སྔོན་དུ་ཁྱེད་རང་གིས་ དྲ་རྒྱའི་བཀོད་བྱུས་རིགས་ཀྱི་ནང་དོན་བོད་ཡིག་ཏུ་མང་བ་མཐོང་བའི་རེ་བ་བྱས་ ཆོག་ལ། དཔེར་ན། དྲ་དེབ blogs ། གྲོས་ས། forums ཝི་ཀིས wikis སོགས་རེད།

ད་ཆར་དྲ་ཤོག་སྔོན་ཐོན་ཅན་ཁག་ཅིག་ཐོན་ནས་དེའི་ནང་བོད་ཡིག་བཀོད་ཡོད་པ་རེད་ལ། དེའི་ནང་གི་མང་པོ་ཞིག་གིས་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ལ་མིག་གཅེར་ ནས་སྒུག་ཡོད། ཡིག་ཕྲེང་གཅིག་རྫོགས་རྗེས་ཀྱི་ཚེག་ཡིག་མཚམས་རང་འགུལ་གྱིས་ཡིག་ཕྲེང་གསར་པ་ མགོ་འཛུགས་བྱེད་པ་དང་། བོད་ཡིག་གི་ཡིག་གཟུགས་ཡིག་གཟུགས་གཞན་དང་ཆེ་ཆུང་རན་ཚད་སོགས་གནས་ཚུལ་ཆུང་ཚགས་ རིགས་ལ་དྲ་ཤོག་བཟོ་མཁན་ཚོས་དོ་སྣང་བསམ་ཤེས་བྱེད་དགོས་ཤིང་། ཡིན་ན་ཡང་ལག་རྩལ་དང་ཇུས་འགོད་ཡར་རྒྱས་སོང་བ་དང་ཆབས་གཅིག་བར་ཆད་དེ་རིགས་ཀྱང་ ཡལ་འགྲོ་གི་རེད། མདོར་ན། མེཁརོ་སོཧྥཊ་ཝེསཊ་ཐོན་པ་དེས་བོད་ཡིག་གློག་ཀླད་ཀྱི་ཡར་རྒྱས་ཁྲོད་དུ་གལ་ཆེ་ བའི་གོམ་པ་ཞིག་སྤོས་པ་སྟོན་ལ། དེས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་གྱི་མང་ཆེ་བ་ལས་སླ་རུ་བཏང་ནས་བོད་ཡིག་གློག་ ཀླད་ཀྱི་ཡོ་ཆས་རིགས་ཡིད་བརྟན་འཕེར་བ་དང་བཀོལ་སླ་བ་ཞིག་བཟོ་གི་རེད། གྲུབ་འབྲས་འདིའི་ནང་ང་ཚོས་དྲིན་ལན་འཇལ་དགོས་ས་ཁག་ཅིག་ནི། འདས་པའི་ལོ་བཅུའི་རིང་མ་དངུལ་དང་། ཚན་རིག་ལག་རྩལ། མཁས་པའི་དགོངས་ཚུལ་བཅས་འབུལ་མཁན་གྱི་ལས་ལ་བརྩོན་པའི་སྒེར་པ་ཁག་དང་གཞུང་ འབྲེལ་སྡེ་ཁག སློབ་གསོའི་སྡེ་ཁག ཐོན་སྐྱེད་སྡེ་ཁག་བཅས་རེད། གཅིག་གྱུར་གསང་རྟགས་ཚད་ལྡན་དེ་ཚོ་ མེཁརོ་སོཧྥཊ་ལ་མི་དབང་བ་དང་། དེ་ལས་དེ་ཚོ་ནི་བདག་དབང་ངེས་ཅན་མེད་པ་ཞིག་ཡིན་ཁར། གློག་ཀླད་གཞན་ཏེ་མེཀ་ Mac དང་ལིནེཀས་ Linuxསོགས་ ཀྱི་བཀོད་པ་ལས་ཀྱང་སྐབས་འཕྲལ་གྱི་རོགས་རམ་ལེན་གྱི་ཡོད་རེད། ཡིན་ན་ཡང་། བོད་སྐད་བཤད་སའི་ས་ཁུལ་ཁག་གི་ནང་དུ་ ཝིནཌོསེ་ཡི་སྙན་གྲགས་ཁྱབ་ཚད་ལས་ཞུས་ན། གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་དེ་ ཝེསཊ་ ཡི་ནང་དུ་བླངས་པ་དེ་ནི། བོད་ཀྱི་ཚན་རིག་ལག་རྩལ་ལོ་རྒྱུས་ནང་རྡོ་རིང་བསླངས་པ་ཞིག་ཏུ་ངེས་ཅན་མཐོང་གི་རེད།

blogPhotoCroppedSmall.png
Figure 4: Sample Blog Page Using Unicode Tibetan