Tibetan

THDL Toolbox > Tibetan Scripts, Fonts & Related Issues > Tibetan Input Tools > Installing A Tibetan System Keyboard in Windows XP in Tibetan

བོད་ཡིག་མཐེབ་གཞོང་ལས་རིམ་ ཝིན་ཌོ་སེ་ ཨེཀ་སི་པི་ (Windows XP) ནང་འཇུག་ཚུལ།

ཝིན་ཌོ་སེ་ ཨེཀ་སི་ པི་ (Windows XP) ནང་ཡོད་ཡོད་ཀྱི་མཐེབ་གཞོང་ཚོའི་ཁར་ཁྱེད་རང་གིས་གློག་ཀླད་ཀྱི་ལྷན་སྐྱེས་ལས་རིམ་ཁྲོད་ཀྱི་མཐེབ་གཞོང་(System keyboard) ཁག་འཇུག་ཐུབ་པ་རེད། དེ་ཚོ་ནི་དྲ་རྒྱ་བརྒྱུད་ནས་འཚོལ་ཐུབ་ཀྱི་རེད་ལ། འདིར་ང་ཚོས་ “རྫོང་ཁ་བོད་ཡིག་མཐེབ་གཞོང་”འཇུག་པའི་རིམ་པ་རྣམས་བཤད་ཀྱི་ཡིན།

ཁྱེད་རང་གིས་དོ་སྣང་གནང་དགོས་པ་ཞིག་ལ། ལྷན་སྐྱེས་ལས་རིམ་ཁྲོད་ཀྱི་མཐེབ་གཞོང་(System keyboard) ནི་བོད་ཡིག་མཐེབ་གཞོང་རང་རྐྱ་བ་དཔེར་ན། ཀེ་མན(Keyman)ལྟ་བུ་དང་གཅིག་པ་མིན་ལ། ཀེ་མན་ལྟ་བུ་ཡིན་ན་གློག་ཀླད་ཀྱི་ནང་ལས་ཀ་བྱེད་འཇུག་རྒྱུའི་ཆེད་དུ་ལས་རིམ་འཕར་མ་དེ་འདྲ་དགོས་ཀྱི་ཡོད་མོད། ལྷན་སྐྱེས་ལས་རིམ་ཁྲོད་ཀྱི་མཐེབ་གཞོང་ཡིན་ན་ཝིན་ཌོ་སེ་ཡིས་གཞི་རིམ་གྱི་མཐུན་སྦྱོར་བྱས་ཡོད་སྟབས་ལས་ཀ་བྱེད་སྐབས་ཧ་ཅང་སྟབས་བདེ་པོ་ཡོང་གི་རེད་ལ། གློག་ཀླད་ཀྱི་ལས་རིམ་ཨ་མའི་ཆ་ཤས་ཤིག་ཏུ་འགྱུར་རྒྱུ་རེད། ལྷན་སྐྱེས་ལས་རིམ་ཅན་གྱི་མཐེབ་གཞོང་འདི་ཚོས་ཡིད་བརྟན་འཕེར་བའི་ངང་ལས་ཀ་བྱེད་པ་ཙམ་དུ་མ་ཟད། མེཁརོ་སོཧྥཊ་ (Microsoft) ལྟ་བུའི་ནང་གི་ལས་རིམ་གཞན་ཚོ་དང་ཞི་འཇགས་མཐུན་འགྲིག་ཡོང་གི་རེད། དེ་བས་ཁྱེད་རང་གིས་བོད་ཡིག་འབྲི་ཆེད་གོ་སྐབས་ནམ་བྱུང་དང་བསྟུན་ནས་ལྷན་སྐྱེས་ལས་རིམ་ཅན་གྱི་མཐེབ་གཞོང་ཞིག་བེད་སྤྱོད་བྱས་ན་ལེགས།

ཐོག་མར་ཁྱེད་རང་གིས་ལྷན་སྐྱེས་ལས་རིམ་ཅན་གྱི་མཐེབ་གཞོང་ཞིག་འཚོལ་དགོས་ཤིང་དེ་ཡང་དྲ་རྒྱ་དག་ནས་ཕབ་བཤུ་བྱས་ཆོག་པ་རེད། ཕབ་བཤུ་བྱས་པ་རྣམས་བཙིར་བའི་ཡིག་སྣོད་(Compressed zip file)ནང་འདུག་ན། ཁྱེད་ཀྱིས་ཡིག་སྣོད་དེ་ཚོ་གློད་དགོས་པ་རེད། ད་ནི་ཁྱེད་རང་གིས་ཡིག་ཆ་ཁ་ཤས་ཡོད་པའི་ཡིག་སྒམ་ཞིག་མཐོང་གི་རེད་ལ། དེའི་ནང་གི་ཡིག་ཆ་གཅིག་གི་མིང་ལ་ “ཡར་སྒྲིག་”ཅེས་པའི་དབྱིན་ཡིག་འདི་འདྲ་(“setup” or “setup.exe”) ཞིག་ཐོན་གྱི་རེད། ༼དཔར་རིས་ ༡ ལ་གཟིགས། ༽

SKIX_selectSetupExe.png
དཔར་རིས་ ༡༽ ཡིག་སྣོད་འདིའི་ནང་མཐེབ་གཞོང་གི་ཡིག་ཆ་ཚོ་ཡོད།

ཡིག་སྣོད་དེ་ལ་ལན་གཉིས་བསྟུད་མར་བསྣུན་རྗེས་ཡུད་ཙམ་རིང་སྒུག་དང་། སྐར་མ་གཅིག་ཡས་མས་ཙམ་ནས་ཡར་བཅུག་ཟིན་པ་ཡིན་ཞེས་ལན་བསྐྱལ་ཡོང་། དེ་དུས་ཡར་འཇུག་གི་རིམ་པ་ཟིན་པ་དེ་སྒོ་རྒྱག་ཆེད་སྒོ་རྒྱག་དགོས་ཞེས་པའི་དབྱིན་ཡིག་ “Close” འདི་ལ་བསྣུན་དགོས་པ་ཡིན། ༼དཔར་རིས་ ༢ ལ་གཟིགས།༽

SKIX_closeInstallationComplete.png
དཔར་རིས་ ༢༽ ཡར་འཇུག་གི་རིམ་པ་རྣམས་གྲུབ་ཟིན།

ད་ནི་མཐེབ་གཞོང་དེ་ཡར་བཅུག་གྲུབ་པ་རེད་མོད། ལས་ཀ་བྱེད་ཆོག་ (activate) ཅིག་ཏུ་བཟོས་མེད། ད་ནི་ཁྱེད་རང་གིས་མཐེབ་གཞོང་དེ་རང་གི་གློག་ཀླད་ཤེལ་སྒོའི་མདུན་དེར་ལེན་དགོས་ལ། དེ་ནས་ཁྱེད་རང་ལ་ནམ་མཁོའི་སྐབས་དང་བསྟུན་ནས་བེད་སྤྱོད་བྱེད་ཆོག་གི་རེད། དེའི་ཆེད་དུ་ཁྱེད་རང་ཚོད་འཛིན་འདེམས་ཐོ་ (Control Panel) ལ་འགྲོ་དགོས། ༼དཔར་རིས་ ༣ ལ་གཟིགས།

SKIX_findCommandInMenu.png
དཔར་རིས་ ༣༽ ཚོད་འཛིན་འདེམས་ཐོ་འཚོལ་བ།

ཚོད་འཛིན་འདེམས་ཐོའི་ནང་ཁྱེད་རང་གིས་ ས་གནས་དང་སྐད་ཡིག་གི་འདེམས་ཁ་ཟེར་བའི་མཚོན་རྟགས་ཤིག་ icon མཐོང་གི་རེད།དེ་ལ་ལན་གཉིས་བསྟུད་མར་བསྣུན་དགོས། ༼དཔར་རིས་ ༤ གཟིགས།༽.

SKIX_findingLanguageOptionsInControlPanel.png
དཔར་རིས་ ༤༽ ས་གནས་དང་སྐད་ཡིག་གི་འདེམས་ཁ་འཚོལ་བ།s

དེས་ས་གནས་དང་སྐད་ཡིག་གི་འདེམས་ཁ་ཅན་གྱི་རེའུ་མིག་ (dialog box) དེ་བསྟན་ཡོང་། དེའི་ཐོད་དེར་ཁ་བྱང་གྲུ་བཞི་མ་གསུམ་ཡོད། དེའི་ནང་གི་སྐད་ཡིག་ཟེར་བའི་དབྱིན་ཡིག་ དེ་ལ་བསྣུན་དགོས། དེ་ནས་ནང་གསེས་ཟེར་བའི་དབྱིན་ཡིག་“Details…” ལ་བསྣུན་དགོས། ༼དཔར་རིས་ ༥ ལ་གཟིགས།༽

SKIX_selectingDetails.png
དཔར་རིས་ ༥༽ སྐད་ཡིག་འདེམས་པའི་ཐོ་སྒམ།

ཡིག་ཚགས་ཀྱི་རོགས་རམ་དང་འབྲི་རྒྱུའི་སྐད་ཡིག་ཁག་ཅེས་པའི་དབྱིན་ཡིག་ (Text Services and Input Languages) ཞེས་འཁོད་པའི་རེའུ་མིག་ཅིག་ཤར་ཡོང་། དཀྱིལ་གྱི་གྲུ་བཞི་ཆེ་བ་དེའི་ནང་བཅུག་ཟིན་པའི་མཐེབ་གཞོང་ཁག་མཐོང་ཡོང་ལ། ཁྱེད་ཀྱིས་གློག་ཀླད་ནང་བཅུག་མ་ཐག་པའི་མཐེབ་གཞོང་དེ་ལས་ཀ་ཅན་དུ་བསྒྱུར་དགོས། དེས་ན་ཁྱེད་རང་གིས་སྣོན་ཞིག་ཅེས་པའི་དབྱིན་ཡིག་ Add… ལ་བསྣུན་དགོས། ༼དཔར་རིས་ ༦ ལ་གཟིགས།༽

SKIX_selectingAdd.png
དཔར་རིས་ ༦༽ མཐེབ་གཞོང་མང་བ་སྣོན་ཐབས།

དེ་ནས་ཁྱེད་རང་གིས་རེའུ་མིག་ཆུང་བ་ཞིག་གི་ནང་དྲི་བ་གཉིས་ཡོད་པ་ཞིག་ཤར་ཡོང་། དྲི་བ་དང་པོ་ནི་སྐད་ཡིག་གང་སྤྱོད་ཀྱི་ཡིན་པ་དང་། དྲི་བ་གཉིས་པ་ནི་མཐེབ་གཞོང་གང་ཞིག་སྣོན་རྒྱུ་ཡིན་པ་དེ་རེད། ཝིན་ཌོ་སེ་ ཨེཀ་སི་ པི་ (Windows XP) ནང་བོད་སྐད་ནི་འདམ་ཁའི་ཁྲོད་མེད་སྟབས། བོད་ཡིག་མཐེབ་གཞོང་འཇོག་སའི་ཆེད་དུ་སྐད་ཅིག་འདམས་དགོས་ཤིང་། སྐད་ཡིག་གང་ཞིག་ཡིན་ན་ཡང་དེ་ལ་ཁྱད་པར་ཡོང་གི་མ་རེད་ལ། འདིར་ང་ཚོས་ཏ་ཊར་ཟེར་བའི་སྐད་ཡིག་ཅིག་འདུག་པ་དེ་འདམས་ཡོད། ༼དཔར་རིས་ ༧ པར་གཟིགས།༽

SKIX_findingTibetanKeyboard.png
དཔར་རིས་ ༧༽ སྐད་ཡིག་འདམས་ཚུལ།

སྐད་ཡིག་འདམས་ཟིན་པའི་རྗེས་ལ། དེ་ནས་མཐེབ་གཞོང་འདམས་དགོས་པ་རེད། ཁྱེད་རང་གིས་བོད་ཡིག་དང་འབྲེལ་མེད་དོན་གཞན་ཡིན་པའི་སྐད་ཅིག་འདམས་པ་དེ་རང་གི་མཐེབ་གཞོང་དང་མི་མཚུངས་པའི་ཡ་མཚན་གྱི་སྣང་བ་ཤར་སྲིད་མོད། དེ་འདྲའི་ཐུགས་དྭོགས་གནང་དགོས་མེད། ཁྱེད་རང་གིས་བཅུག་མ་ཐག་པའི་བོད་ཡིག་མཐེབ་གཞོང་དེ་སྒྲུག་ཅིག ༼པར་རིས་ ༨ པར་གཟིགས།༽

SKIX_findingThatIME.png
དཔར་རིས་ ༨༽ ཁྱེད་རང་གིས་བཅུག་པའི་མཐེབ་གཞོང་འདེམས་སྟངས།

ད་ནི་ཁྱེད་རང་གིས་བོད་སྐད་མིན་པའི་སྐད་ཡིག་བོད་ཡིག་ལ་མཐུན་འགྱུར་རོགས་རམ་བྱེད་པ་ཞིག་ཏུ་བཟོས་ཟིན་པ་རེད། འགྲིག་སོང་ཟེར་བའི་དབྱིན་ཡིག་ OK བསྣུན་དང་། ༼པར་རིས་༩ པར་གཟིགས།༽

SKIX_findingIME.png
དཔར་རིས་ ༩༽ མཐེབ་གཞོང་སྣོན་སྟངས།

ད་ནི་ཁྱེད་རང་གིས་མཐེབ་གཞོང་འཕར་མ་ཡོད་པ་མཐོང་བར་འགྱུར་ལ། མཐེབ་གཞོང་ལ་མགྱོགས་རྟགས་འདེབས་འདོད་ན་ མཐེབ་ཀྱི་སྒྲིག་རིམ་ཞེས་པའི་དབྱིན་ཡིག་(Key Settings…)ལ་བསྣུན་དགོས་ཤིང་། དེ་མིན་གཤམ་གྱི་དབྱིན་ཡིག་འགྲིག་སོང་ཟེར་བ་ OK ལ་བསྣུན་ནས་རེའུ་མིག་འདི་ནས་ཐོན་དགོས། ༼པར་རིས་ ༡༠ པ་ལ་གཟིགས། ༽

SKIX_clickingOKafterActivatingTibetanKey.png
དཔར་རིས་ ༡༠༽ མཐེབ་གཞོང་གི་ཐོ་གསར་པ།

OK བསྣུན་ནས་ ས་གནས་དང་སྐད་ཡིག་གི་འདེམས་ཁ་ཅན་གྱི་རེའུ་མིག་ལས་ཕྱིར་ཐོན་དགོས། ༼པར་རིས་ ༡༡ པ་ལ་གཟིགས།༽

SKIX_PressingOKinLanguages.png
དཔར་རིས་ ༡༡༽ སྐད་ཡིག་འདམ་ཁའི་རེའུ་མིག་སྒོ་རྒྱག་པ།

ད་ནི་ཁྱེད་རང་གིས་གློག་ཀླད་ཤེལ་སྒོའི་གཤམ་གྱི་གཡོན་ཟུར་དུ་ཡིག་འབྲུ་གཉིས་ཅན་གྱི་མཚོན་རྟགས་ཤིག་མཐོང་ལ། དེ་ལ་བསྣུན་ན་སྐད་ཡིག་གསར་པ་དེ་དེའི་ཁྲོད་དུ་བསྣན་ཡོད་པ་མཐོང་གི་རེད། གོང་གི་པར་རིས་ ༡༢ པའི་ནང་བཤད་པ་ཇི་བཞིན་བོད་ཡིག་གི་མཐེབ་གཞོང་དེ་བོད་སྐད་མིན་པའི་སྐད་ཡིག་ཅིག་དང་ལྷན་དུ་གནས་ཡོད། གལ་སྲིད་ཁྱེད་རང་ལ་གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཡོང་བའི་གློག་ཀླད་མཉེན་ཆས་ལས་རིམ་དཔེར་ན་ (Microsoft Office 2007) ལྟ་བུ་ཡོད་ཐོག གཅིག་གྱུར་གསང་རྟགས་ཅན་གྱི་བོད་ཡིག་ཡིག་གཟུགས་དཔེར་ན་ ལྟ་བུ་བཅུག་ཡོད་ཚེ། ཁྱེད་རང་གིས་ད་ལྟ་བཅུག་ནས་ལས་ཀ་བྱེད་དུ་བྱས་པའི་བོད་ཡིག་མཐེབ་གཞོང་དེ་ཚོད་ལྟ་བྱས་ཆོག་གི་རེད། ཁྱེད་རང་གིས་གཤམ་གྱི་མཐེབ་གཞོང་འདམ་ཁ་ཅན་གྱི་མཚོན་རྟགས་ལ་བསྣུན་པ་བརྒྱུད་བོད་ཡིག་གི་མཐེབ་གཞོང་འགྲིག་རྟགས་རྒྱག་རྒྱུ་བརྗེད་མི་རུང་། པར་རིས་ ༡༢ ལ་གཟིགས།

SKIX_activatingFromLowerPanel.png
དཔར་རིས་ ༡༢༽ བོད་ཡིག་གི་མཐེབ་གཞོང་གསར་པ་འདེམས་པ།

གལ་སྲིད་བོད་ཡིག་གི་རྩེག་ཡིག་རྣམས་ཏག་ཏག་མི་སྡོད་པ་ལྟ་བུ་ཤར་ཚེ། དེ་ནི་ཤེལ་སྒོའི་ཐོག་མངོན་སྟངས་མ་འགྲིག་པ་ཞིག་ལས་མཐེབ་གཞོང་འཇུག་ནོར་ཤོར་བ་ཞིག་ཏན་ཏན་མིན། ཝིན་ཌོ་སེ་ ཨེཀ་སེ་ པི་ནང་དུ་བོད་ཡིག་ཇི་ལྟར་སྤྱོད་སྟངས་འགྲེལ་བཤད་གཞན་རྣམས་ཀྱང་ཀློག་རྒྱུ་གལ་ཆེན་པོ་ཡིན། དམིགས་བསལ་ཁྱེད་རང་གིས་ ཨོ་ཧྥི་སི་ ༢༠༠༣ དང་༢༠༠༧ མ་ཡིན་པ་བེད་སྤྱོད་བྱེད་ཀྱི་ཡོད་ན་འགྲེལ་བཤད་རིགས་ཀློག་རྒྱུ་གལ་ཆེན་པོ་རེད།