དེ་ཡང་སྐབས་འདིར་བརྗོད་པ་ནི་བོད་ཡིག་ཉིད་གང་འདྲ་བྱས་ནས་གློག་ཀླད་ཀྱི་ཡིག་སྒམ་ནང་ཕབ་བླུགས་བྱ་རྒྱུའི་ཐབས་ཤེས་དེ་ཡིན། གལ་ཏེ་གཤམ་དུ་བརྗོད་པའི་ཐབས་ཤེས་དེ་ཚོ་གོ་རིམ་ལྡན་པ་དང་གཟབ་ནན་གྱི་སྒོ་ནས་བེད་སྤྱོད་བྱ་ཐུབ་ན་གློག་ཀླད་ནང་བོད་ཡིག་རྩོམ་སྒྲིག་བྱས་ཟིན་པ་དག་མ་འོངས་པར་སྲུང་སྐྱོབ་བྱ་ཐུབ་པ་མ་ཟད། གློག་ཀླད་ཀྱི་ཡིག་སྒམ་གཅིག་གིས་ཀྱང་བོད་ཡིག་གི་དཔེ་ཆ་དང་ནུབ་ཕྱོགས་ཀྱི་དེབ། དེ་བཞིན་ “CD” འམ་ཡང་ན་དྲ་ཤོག་ལྟ་བུ་སོགས་འདྲ་མིན་སྣ་ཚོགས་ལ་འགྱུར་བ་གཏོང་ཐུབ། བོད་ཡིག་གློག་ཀླད་ནང་ཕབ་བླུགས་བྱ་བར་སྤྱིར་ན་གོ་རིམ་གསུམ་ཡོད་དེ།
ལག་དེབ་འདིའི་ནང་དོན་ཚན་དང་པོ་གཉིས་ཚུད་ཡོད་པ་དང་ “THL” ཡི་ལག་དེབ་གཞན་ཞིག་ནང་དོན་ཚན་གསུམ་པ་དེ་ཚུད་ཡོད།
འདས་ཟིན་པའི་ལོ་ངོ་ཉི་ཤུའི་རིང་གློག་ཀླད་ཀྱི་བྱ་གཞག་སྤྱིར་འཕེལ་རྒྱས་ཤིན་ཏུ་ཆེན་པོ་ཕྱིན་ཡོད་པ་དང་བོད་ཡིག་ཕབ་བླུགས་བྱ་ཐབས་ཀྱང་སྣ་ཚོགས་ཤིག་ཐོན་ཡོད། འོན་ཀྱང་ད་ལྟའི་བར་དེའི་ཐད་ཀྱི་ལག་རྩལ་དང་ཇུས་འགོད་སོགས་མང་པོ་ཚད་དང་ལྡན་པ་ཤིག་བྱུང་མེད་པའི་ཁར་བོད་ཡིག་བླུགས་སྟངས་མང་པོ་ཞིག་ཐོག་མའི་ཇུས་འགོད་ལྟར་ཕབ་བླུགས་མི་ཐུབ་པའི་རྐྱེན་གྱིས་མགྱོགས་མྱུར་བེད་སྤྱོད་མེད་པར་འགྲོ་གི་ཡོད། དེས་རྐྱེན་པས་དེང་དུས་ཀྱི་གློག་རྡུལ་པར་གཞི་རྣམས་དེ་སྔོན་གྱི་ཤོག་བུའི་པར་གཞི་དང་བསྡུར་ན་ཡིད་ཆེས་དེ་ཙམ་མེད་པ་དང་། བེད་སྤྱོད་དེ་ཙམ་ཉུང་བ། རྒྱུན་རིང་འདང་མི་ཐུབ་པ་སོགས་ཀྱི་ཞན་ཆ་ལྡན་ཡོད།
ལག་དེབ་འདིའི་དམིགས་ཡུལ་ནི་སྔར་གྱི་མི་འདང་བའི་ཆ་རྣམས་ལ་ཡོ་བསྲང་བྱ་རྒྱུ་དེ་ཡིན། ཡུན་རིང་ཙམ་བེད་སྤྱོད་ནུས་པའི་གློག་རྡུལ་པར་གཞི་ཞིག་བསྐྲུན་རྒྱུ་ནི་དེ་ཙམ་དཀའ་བའི་ལས་ཤིག་མ་ཡིན། དེ་ཡང་ཐོག་མར་ལས་འགོ་ཚུགས་དུས་ནས་བཟུང་སྟེ་གཤམ་གསལ་རྩ་དོན་རྣམས་ནུས་ལྡན་ངང་དོན་འཁྱོལ་བྱ་ཐུབ་པ་དགོས་ཏེ།
འདི་ལྟ་བུའི་སྲུང་བྱའི་རྩ་དོན་དག་དོན་འཁྱོལ་བྱ་ཐུབ་ན་དེས་སྤྱིར་ན་བོད་ཡིག་གློག་ཀླད་ནང་ཕབ་བླུགས་བྱ་བའི་ལས་ཀ་ཀུན་ལ་ཕན་ཐོགས་ཆེན་པོ་ཐོབ་རྒྱུའི་རེ་བ་ཡོད་ལ། “THL” ཡི་བླུག་བྱ་ཞིག་ཡིན་ཕྱིན་རྩ་དོན་དེ་རྣམས་ངེས་པར་དུ་དང་ལེན་བྱ་དགོས་པ་ལས་གང་བྱུང་རང་མོས་བྱ་མི་རུང་།
འདིའི་ནང་ང་ཚོས་གང་འདྲ་བྱས་ནས་རང་གི་གློག་ཀླད་ལ་དགོས་ངེས་པའི་ཡིག་གཟུགས་དང་མཐེབ་གཞོང་། ཡི་གེའི་བླུགས་སྟངས་བཅས་གྲ་སྒྲིག་ཇི་ལྟར་བྱ་དགོས་པའི་ཐད་གསལ་འགྲེལ་ཞུས་ཡོད།
ཐོག་མར་ “Unicode Tibetan font” ཞིག་རག་ཐུབ་པ་དགོས། “THL” ཡི་ལས་ཀའི་རེ་བ་ནི་ “Tibetan Machine Uni” ཟེར་བ་དེ་བེད་སྤྱོད་བྱ་དགོས་པ་ཡིན། དེ་ནི་གཤམ་གྱི་དྲ་གནས་ནང་ནས་རིན་པ་སྤྲོད་མི་དགོས་པར་རག་ཐུབ་ཀྱི་རེད།
ཚང་མས་མཁྱེན་དགོས་པ་ཞིག་ལ། ཡིག་གཟུགས་དེ་ནི་སྤྱི་ལོ་༢༠༠༥ལོའི་ཟླ་༡༡ཚེས་༣ཉིན་གྱི་1.0པར་གཞི་ཡིན། དེའི་ནང་ཡིག་གཟུགས་ཁག་ཅིག་ཚང་མེད། ༢༠༠༥ལོའི་ལོ་མཇུག་ལ་པར་གཞི་2.0དེ་འདོན་ཐུབ་རྒྱུའི་རེ་བ་བྱེད་བཞིན་ཡོད། གལ་སྲིད་2.0པར་གཞི་གསར་པ་དེའི་ནང་དུ་ཡང་སྔར་མ་ཚང་བའི་ཡིག་གཟུགས་དེ་ཚོ་ཁ་སྐོང་བྱས་མེད་ཚེ་ང་ཚོར་འབྲེལ་བ་གནང་ན་ཁྱེད་ལ་ལན་འབུལ་ངེས། འབྲེལ་བ་གནང་ཡུལ་ནི། <a class="safe-contact" href="javascript:linkTo_UnCryptMailto('nbjmup;uimAdpmmbc/jud/wjshjojb/fev');"><img src="/global/images/contact/contact-thl.gif" /></a> ཞེས་པ་འདི་ཡིན།
བོད་ཡིག་ཡིག་གཟུགས་བདེ་བླག་ངང་བླུགས་ཐུབ་པའི་ཆེད་དུ་ཁྱེད་ལ་མཐེབ་གཞོང་ཡང་དགོས་པ་རེད། མི་མང་པོ་ཞིག་བོད་ཡིག་གི་མཐེབ་གཞོང་གཞན་དག་གི་བླུགས་ཐབས་ལ་གོམས་འདྲིས་ཆགས་ཡོད་ནའང་བེད་སྤྱོད་མང་པོ་ཡོད་པའི་མཐེབ་གཞོང་ནི་ “Wylie” དང་ “Sambhota” རེད། “THL” ཡི་ལས་ཀའི་མཐེབ་གཞོང་ནི་གཤམ་གསལ་དྲ་གནས་རྣམས་ལ་གཟིགས་དགོས་ཤིང་དྲ་ཤོག་སྟེང་ནས་ཐད་ཀར་མར་ཕབ་ནའང་འགྲིག་སྟེ།
“THL” ཡི་ལས་ཀའི་ཆེད་དུ་རྒྱ་བསྐྱེད་བྱས་པའི་ “Wylie” ཡི་བླུགས་ཐབས་ཐད་ང་ཚོས་ “TISE” མཐེབ་གཞོང་མཚམས་སྦྱོར་བྱེད་ཀྱི་ཡིན།
དམིགས་བསལ་ཅན་གྱི་བོད་ཡིག་ཕབ་བླུགས་ཆེད་ “THL” ཡི་རྒྱ་བསྐྱེད་ “Wylie” ཡི་བླུགས་ཐབས་དེ་པར་བརྒྱབ་པའམ་གློག་ཀླད་ནང་ཉར་ཚགས་བྱ་རྒྱུ་དེ་ཡང་གལ་ཆེན་པོ་ཡིན།
“Sambhota” ཡི་བླུགས་ཐབས་ཐད་ད་ལྟ་ང་ཚོས་ “Keyman” ཡི་བླུགས་ཐབས་དེ་མཚམས་སྦྱོར་བྱེད་ཀྱི་ཡིན།
“Sambhota” ཡི་བླུགས་ཐབས་དེ་གློག་ཀླད་ནང་ནས་པར་བརྒྱབ་སྟེ་དམིགས་བསལ་ཅན་གྱི་བོད་ཡིག་ཕབ་བླུགས་ཆེད་ཉར་ཚགས་བྱ་རྒྱུ་ཡང་གལ་ཆེ།
བོད་ཡིག་བདེ་བླག་ངང་ཕབ་བླུགས་བྱ་བ་དང་གློག་ཀླད་ནང་ལེགས་པར་མངོན་ཐུབ་པའི་ཆེད་ཁྱེད་ཀྱིས་རྒྱབ་སྐྱོར་བྱེད་ཐུབ་ངེས་ཀྱི་མཉེན་ཆས་དང་བཀོལ་སྤྱོད་མ་ལག་གི་པར་གཞི་ཞིག་བེད་སྤྱོད་བྱ་དགོས་པ་དེ་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། ད་ཡོད་བཀོལ་སྤྱོད་མ་ལག་ “Windows XP” དེས་ “Tibetan Unicode” ཡི་ཡིག་གཟུགས་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མེད་པས་སོ། དེ་ཕྱིར་ཐབས་ཤེས་ལེགས་ཤོས་ཀྱི་གློག་ཀླད་བཀོད་སྒྲིག་ནི་ “Windows XP” ཡི་པར་གཞི་གསར་ཤོས་དེ་དང་ “Microsoft Word (2003 SP1)” ཡི་པར་གཞི་གསར་ཤོས་དེ་བེད་སྤྱོད་བཏང་ན་ཡག་པོ་ཡོད། ཡིན་ནའང་གལ་སྲིད་ཁྱེད་རང་གིས་ “Windows XP” བེད་སྤྱོད་པའི་ཐོག་ “Word 2000” ཡང་བེད་སྤྱོད་གཏོང་གི་ཡོད་ན་གཤམ་གྱི་ “THL” ཡི་ནང་དོན་ནང་ “Tibetan Unicode” ལ་ “Word” ཡིས་ཇི་ལྟར་རྒྱབ་སྐྱོར་བྱེད་མིན་སྐོར་ཁྱེད་ཀྱིས་གཟིགས་ཞིབ་གནང་དགོས།
གོ་རིམ་འདིའི་ནང་གང་འདྲ་བྱས་ནས་ཁྱེད་རང་གིས་ཡི་གེ་ཐག་གཅོད་ནུས་པའི་ཡིག་ཆ་བཟོས་ནས་དེའི་ནང་བོད་ཡིག་བླུགས་ཐུབ་པ་ཞིག་དགོས་པའི་སྐོར་བཤད་ཡོད། ནང་དོན་དེ་དག་གི་སྐོར་ལ་ད་ལྟ་ “Microsoft Word” ལ་བརྟེན་ནས་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལ་གཤམ་གྱི་གོམ་སྟབས་གསུམ་ཡོད་དེ།
དེ་ཡང་ཐོག་མར་ “Microsoft Word” ནང་བོད་ཡིག་ཡིག་ཆ་བཟོ་ཐུབ་པའི་ “THL” དཔེ་དབྱིབས་ཞིག་དགོས་ངེས་པ་ཡིན། དཔེ་དབྱིབས་དེའི་མིང་ལ་ “TibetanLanguageTemplate.dot” ཟེར་གྱི་ཡོད་པ་དང་དེས་ཡིག་ཆ་གསར་པ་བཟོ་ཐུབ་ཀྱི་ཡོད།
ཐོག་མར་ “TibetanLanguageTemplate.dot” དཔེ་དབྱིབས་བེད་སྤྱོད་བྱས་ནས་ཡིག་ཆ་གསར་པ་ཞིག་ཁ་ཕྱེ་དགོས་ཤིང་། དེ་ཡང་ “Microsoft Word” ནང་འཛུལ་དགོས་ཏེ།
པོ་ཏི་བམ་གྲངས་མང་པོ་ཡོད་པ་དག་སྟེ་དཔེར་ན། བཀའ་འགྱུར་ལྟ་བུ་རྣམས་བླུགས་དུས་བམ་པོའམ་ལེའུ་ཐུང་ངུར་ཡོད་པ་དག་ལ་ཡང་སོ་སོར་ཡིག་ཚགས་(文档)རེ་རེ་བཟོས་ནས་ཉར་ཚགས་བྱ་དགོས།
དཔེ་དབྱིབས་དེ་བེད་སྤྱོད་བྱ་དགོས་དོན། དེ་ལ་རྒྱུ་མཚན་གཉིས་ཡོད་པ་ལས། དང་པོ་ནི་དེ་ཉིད་བེད་སྤྱོད་བྱས་ན་རང་བཞིན་གྱིས་ཤོག་གྲངས་འགོད་པ་སོགས་ཀྱི་ཁྱད་ཆོས་ཡོད་པས་བོད་ཡིག་བླུགས་རྒྱུའི་ཐད་སྟབས་བདེ་བསྐྲུན་ཐུབ། གཉིས་པ་ནི་དེ་ཉིད་བེད་སྤྱོད་བྱས་ན་དེ་ལ་བོད་ཡིག་གི་ཁྱད་ཆོས་དང་མཐུན་པའི་ཚད་ལྡན་གྱི་རྣམ་གཞག་ལྡན་པ་མ་ཟད། ཚད་ལྡན་གྱི་རྣམ་གཞག་དེ་དག་བེད་སྤྱོད་བྱས་ཚེ་བོད་ཡིག་གི་ཡིག་གཟུགས་དེ་ཉིད་རྒྱུན་སྲོལ་གྱི་དཔེ་ཆ་དང་ནུབ་ཕྱོགས་ཀྱི་དཔེ་དེབ། གློག་རྡུལ་པར་གཞི་སོགས་རྣམ་གཞག་སྣ་ཚོགས་ལ་འགྱུར་ཐུབ་པས་སོ།
“TibetanLanguageTemplate.dot” ཞེས་པའི་དཔེ་དབྱིབས་དེ་ཁ་ཕྱེ་བ་དང་ནང་དོན་དང་མཐུན་པའི་མིང་ཐུང་ཐུང་ཞིག་བཏགས་ནས་ཉར་ཚགས་བྱེད་དགོས། དེ་ལ།
ཡིག་ཆར་མིང་འགོད་རྒྱུའི་ཐད་ལ་བསམ་འཆར་འདི་ལྟར་ཡོད་དེ། དེ་ཡང་ཡིག་ཆའི་མིང་དེ་རིང་པོ་བྱུང་ན་མི་འགྲིག་པས་མིང་བསྡུས་མ་ཞིག་འབྲི་དགོས། མིང་དེ་ཚོ་ཡང་བོད་ཡིག་འགོད་ན་མི་འགྲིག་པར་སྤྱིར་ན་ “Roman” གྱི་ཡི་གེ་བྲིས་ན་འགྲིག་ (གལ་ཏེ་ཁྱེད་རང་གིས་ “Wylie” བེད་སྤྱོད་བཏང་ཤེས་ཀྱི་ཡོད་ན་དེ་ཉིད་ཀྱིས་མིང་འགོད་བྱས་ཆོག་) མིང་འགོད་སྐབས་ཡིག་ཆའི་ནང་དོན་དང་མཐུན་པའི་ཚིག་ཁྱིམ་གཉིས་ཅན་ཞིག་བེད་སྤྱོད་གཏོང་དགོས་ཏེ། དཔེར་ན། “བེེ་ཌཱུརྻ་སེར་པོ་” ལ་ “baiser” ཞེས་མིང་འདོགས་པ་ལྟ་བུའོ། གལ་སྲིད་ནང་དོན་མང་པོ་ཡོད་པའི་རྐྱེན་གྱིས་ཡིག་ཆ་མང་པོ་དགོས་མཁོ་ཡོད་ན་བསྡུས་མིང་གི་རྗེས་ལ་ཡིག་ཆའི་ཨང་གྲངས་ཁ་སྣོན་བྱ་དགོས། དེ་ཡང་བེེཌཱུརཡ་སེར་པོར་ཆ་བཞག་ན་ནང་དོན་གྱི་གོ་རིམ་དང་མཐུན་པར་ “baiser1” དང་ “baiser2” ལྟ་བུ་བཟོ་དགོས། གལ་སྲིད་དཔེ་ཆ་དེ་ཚོར་ལེ་ཚན་མང་པོ་ཡོད་ཚེ་ལེ་ཚན་གྱི་ཨང་གྲངས་དེ་བསྡུས་མིང་གི་རྗེས་ལ་བཀོད་རྗེས་ཐིག་གཅིག་བརྒྱབ་ནས་དེ་རྗེས་ཡིག་ཆའི་ཨང་གྲངས་འབྲི་དགོས། དཔེར་ན། ཁྱེད་ཀྱིས་ཕབ་བླུགས་གནང་བའི་དཔེ་ཆ་དེར་ལེ་ཚན་གཉིས་ཡོད་པ་དང་ལེ་ཚན་དང་པོར་ནང་ཚན་གསུམ་དང་ལེ་ཚན་གཉིས་པར་ནང་ཚན་གསུམ་ཡོད་ན་དེ་དག་གི་མིང་ནི་འདི་ལྟར་ཏེ།
ལྟ་བུའོ།
བཀའ་འགྱུར་ལ་ཆ་བཞག་ན། ཡིག་ཆའི་མིང་འདོགས་སྐབས་འདི་ལྟ་སྟེ། པོ་ཏིའི་མིང་-འགོ་ཚུགས་ཤོག་གྲངས། གལ་སྲིད་རྒྱབ་མདུན་གྱི་ཤོག་ལྷེའི་ཨང་གྲངས་གཅིག་པ་ཡིན་ན་མདུན་ངོས་ཀྱི་ཤོག་གྲངས་ཀྱི་རྗེས་སུ་ “a” དང་རྒྱབ་ངོས་ཀྱི་ཤོག་གྲངས་རྗེས་ལ་ “b” བརྒྱབ་ནས་རྒྱབ་མདུན་དབྱེ་བ་འབྱེད་དགོས། དཔེར་ན། “ka _0001a.doc” ཞེས་པའི་ “ka” ནི་པོ་ཏི་ཀ་པ་དང་། “1” ནི་འགོ་ཚུགས་ཤོག་གྲངས། “a” ནི་མདུན་ཤོག་ཡིན་པ་བཅས་མཚོན་ཐུབ།
དཔེ་ཆ་གསར་པ་བླུགས་སྐབས་ཡིག་ཚགས་གསར་པ་དེའི་མདུན་ངོས་སུ་གསལ་བཤད་འབྲི་སའི་རེའུ་མིག་ཅིག་ཡོད། རེའུ་མིག་དེ་དཔེ་ཆའི་གློག་རྡུལ་པར་གཞི་དང་འདྲ་པོ་ཡོད་པ་སྟེ། ཀློག་པ་པོའི་ངོས་ནས་ཆ་བཞག་ན། དེ་ལ་ཀློག་ཀླད་ནང་དཔེ་ཆའི་ནང་དོན་ག་རེ་ཡོད་པ་མགྱོགས་པོར་ཤེས་ཐུབ་པའི་ནུས་པ་ཡོད། དེར་བརྟེན་གསལ་བཤད་དེ་ཡང་དག་པའི་སྒོ་ནས་འབྲི་བླུགས་བྱ་རྒྱུའི་དགོས་པ་ཆེན་པོ་ཡོད།
གསལ་བཤད་འབྲི་བླུགས་བྱ་རྒྱུའི་ཐད། ལག་དེབ་འདིའི་མཇུག་ཏུ་ཡོད་པའི་རེའུ་མིག་ནང་གང་ཞིག་འབྲི་དགོས་པ་དང་མི་དགོས་པ་རྣམས་ལ་གསལ་བཤད་བྱས་ཡོད། ཁྱོད་ཚོའི་ལས་ཀའི་དགོས་མཁོ་དང་བསྟུན་ནས་འབྲེལ་ཡོད་ཀྱི་སྟོང་ཆ་རྣམས་ཁ་སྐོང་བྱ་དགོས་པ་དང་དགོས་མཁོ་མེད་པའི་སྟོང་ཆ་རྣམས་སྟོང་པར་བཞག་ན་འགྲིག །རེའུ་མིག་ནང་བོད་ཡིག་ཕབ་བླུགས་བྱ་དགོས་ན་འོད་རྟགས་(光标)དེ་རེའུ་མིག་གི་སྟོང་ཆའི་ནང་བཞག་ནས་ཡིག་གཟུགས་དེ་ “Tibetan Machine Uni” ལ་བརྗེ་པོ་བརྒྱབ་དགོས་པ་དང་། འདི་ལྟར་སྣང་ངོ་།
དེ་ནས་ནང་དོན་རྣམས་ཕབ་བླུགས་བྱ་དགོས།
ད་ལྟ་ཁྱེད་རང་གིས་ཡིག་ཚགས་གསར་པ་ཞིག་བཟོས་ཟིན་པ་རེད། བྱས་ཙང་དཔེ་ཆའི་ནང་དོན་འགོ་ཚུགས་ནས་ཕབ་བླུགས་བྱས་ན་འགྲིག དེའི་དམིགས་ཡུལ་ནི་ “unicode” ཡིག་གཟུགས་བེད་སྤྱད་ནས་མ་ཡིག་དང་གཅིག་པ་ཡིན་པའི་གློག་རྡུལ་པར་གཞི་ཞིག་བཟོ་རྒྱུ་དེ་རེད། དེ་ཡང་ཡི་གེ་དང་། བརྡ་རྟགས་ཚེག་ཤད། སྟོང་ཆ་ཡང་ན་ནོར་འཕྲུལ་ཡོད་པ་རྣམས་ཀྱང་མ་ཡིག་ཇི་བཞིན་ཕབ་བླུགས་དགོས། འདིའི་ཐད་གཤམ་གསལ་ནང་དོན་བཅུ་པོ་འདིའི་ནང་གསལ་བཤད་བྱས་ཡོད།
གོང་ལ་ཁྱེད་རང་གིས་གསལ་བཤད་ནང་དོན་དེ་ཚོ་བླུགས་ཟིན་པ་རེད། ད་ལྟ་གསལ་བཤད་རེའུ་མིག་དེའི་གཤམ་འོག་གི་ཡིག་ཕྲེང་དང་པོ་དེའི་ཐོག་ “Heading1,h1” ཡི་རྣམ་པ་དང་ “Unicode” ཡིག་གཟུགས་བེད་སྤྱད་དེ་དཔེ་ཆའི་ཁ་བྱང་ཚང་མ་ཕབ་བླུགས་བྱ་དགོས། རྣམ་པ་དེ་བེད་སྤྱོད་གཏོང་བའི་ཐབས་ཤེས་སླ་ཤོས་ནི་བརྙན་ཤེལ་གྱི་གཡོན་ངོས་སྟེང་ཟུར་ལ་ཡོད་པའི་ “style” སྒམ་གྱི་འཁྲིས་ལ་ཡོད་པའི་མདའ་རྟགས་དེ་མནན་དགོས་པ་དེ་ཡིན། མདའ་རྟགས་དེ་མནན་རྗེས་གདམ་བྱའི་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་ཐོན་སྲིད། དེ་དག་གི་ནང་ནས་ “Heading1,h1” གདམ་དགོས། རྣམ་པ་དེ་བདམས་ཚར་རྗེས་ཁྱེད་ཀྱིས་དཔེ་ཆའི་ཁ་བྱང་དེ་ཉིད་ཕབ་བླུགས་བྱས་ན་འགྲིག
གལ་སྲིད་ཁྱེད་ཀྱིས་མཐེབ་གཞོང་མནན་ཐབས་བེད་སྤྱོད་བཏང་ན་དེ་བས་མགྱོགས་པ་ཡོད། དེ་ཡང་ “Shift+Alt+S” མནན་ན་ “style” སྒམ་དེ་འབུར་དུ་ཐོན་པ་དང་དེ་རྗེས་ཚེག་ཁྱིམ་གཉིས་ཅན་གྱི་བསྡུས་མིང་ཞིག་བླུགས་དགོས། དཔེར་ན། “Heading1” ལ་ “h1” ཞེས་བཏགས་པ་ལྟ་བུའོ། དེ་རྗེས་ “Enter” མནན་ན་ཧ་ཅང་སྟབས་བདེ་པོ་ཡོད།
ཕབ་བླུགས་བྱེད་སྐབས་དུམ་མཚམས་དབྱེ་བ་སོགས་ཕུད་དེ་མིན་ཡིག་ཕྲེང་གློག་ཀླད་ཀྱིས་རང་བཞིན་དུ་འབེབས་པ་ལས་རང་མཚམས་ཀྱིས་བཅད་དེ་མར་འབེབས་མི་རུང་། གཞན་ཡང་སྟོང་ཆ་བཞག་ཐབས་བེད་སྤྱོད་ཤེས་པ་དགོས། གལ་སྲིད་ཁྱེད་རང་གིས་ “¶” (ཚང་མ་དོན་པ་) ཟེར་བ་དེ་ལག་ཆའི་(工具)ནང་ཚན་ནང་ནས་བཏོན་པ་ཡིན་ན་དུམ་མཚམས་སོ་སོའི་མཇུག་ཏུ་ “¶” འདི་ཉིད་སླེབས་པ་དང་མིང་ཚིག་བར་གྱི་སྟོང་ཆ་དེ་རང་བཞིན་གྱིས་མར་ཟགས་མི་སྲིད། དེ་ཡང་ “Wylie” ཡི་གེ་དང་ “Tise” མཐེབ་གཞོང་ལ་ཆ་བཞག་ན་ཡི་གེའི་བར་གྱི་སྟོང་ཆ་དེ་ “shift+-” གནོན་པ་དང་སྟོང་ཆ་བཞག་གི་རེད། འདི་ལྟར་སྣང་ངོ་།
གལ་སྲིད་ཁྱེད་རང་གིས་བེད་སྤྱོད་བཏང་གནང་བའི་མཐེབ་གཞོང་དེར་སྟོང་པའི་མཐེབ་རྒྱག་དེ་མེད་ན་ “Find”(查找)དང་ “Replace”(代替)འཚལ་ནས་སྟོང་པའི་མཐེབ་རྒྱག་དེ་མནན་དགོས། “MS Word” ནང་ “Find” དང་ “Replace” འཚོལ་དགོས་ན་ “Ctrl+H” མནན་དགོས། དེ་ནས་ག་རེ་འཚོལ་དགོས་ཏེ་ “Find what” ཞེས་པ་དེར་སྟོང་འཇོག་མཐེབ་(空格键)མནན་དགོས་པ་དང་དེ་རྗེས་ “^s”(སྟོང་རྟགས་)དེ་ “Replace with” སྟོང་ཆའི་ནང་བླུགས་དགོས།
ཁྱེད་རང་གི་གློག་ཀླད་ནང་བླུགས་པའི་ནང་དོན་དེར་མིང་བཀོད་ཚར་རྗེས་བླུགས་ཐབས་མཐེབ་(Enter)དེ་གནོན་དགོས། དེ་ནས་ཡང་རྣམ་གཞག་སྒམ་ཆུང་ནང་(Style box格式)འཛུལ་ནས་ “Paragraph,pr” ཟེར་བ་དེ་གདམ་དགོས། དེ་འདྲ་བྱས་ན་ད་ལྟ་ཁྱེད་ནས་ཕབ་བཞིན་པ་དང་རྗེས་སུ་ཕབ་བླུགས་བྱ་རྒྱུའི་ནང་དོན་རྣམས་ “Tibetan Machine Uni” ནང་རྒྱུན་ལྡན་ལྟར་ཐོན་ཐུབ་ཀྱི་རེད།
གལ་ཏེ་ཕབ་བླུགས་སྐབས་ཡང་དག་པར་ཡིག་ཕྲེང་བཅད་ཐུབ་ཀྱི་མེད་པ་སྟེ། དཔེར་ན། ཚེག་ཁྱིམ་ཞིག་གི་དཀྱིལ་ངོས་ནས་ཡིག་ཕྲེང་ཆད་པ་སོགས་ཀྱི་གནས་ཚུལ་བྱུང་ན། Microsoft Word ནང་ནས་འབྲེལ་ཡོད་གདམ་བྱ་འདེམས་དགོས་པ་སྟེ། དེ་ཡང་།
ཡིག་ཆ་གསར་པ་རེ་ཕབ་བླུགས་སྐབས་ཚང་མར་ཐབས་ཤེས་དེ་ལྟར་བརྒྱུད་ནས་ཡིག་ཕྲེང་གཅོད་དགོས། འདི་ལྟར་སྣང་ངོ་།
ཁྱེད་རང་གིས་བཟོས་ཟིན་པའི་ཡིག་ཆ་དེ་ཚོར་རང་བཞིན་ངང་ཤོག་ལྷེའི་ཨང་གྲངས་འཁོད་ཐུབ་པའི་ནུས་པ་ཡོད། ཤོག་ལྷེའི་ཨང་གྲངས་མ་འགོད་གོང་ཁྱེད་རང་གིས་ཤོག་ལྷེའི་ཨང་གྲངས་ཀྱི་བྱ་རིམ་བེད་སྤྱོད་བྱས་ནས་ཨང་གྲངས་འགོད་དགོས། ཤོག་ལྷེའི་ཨང་གྲངས་བཀོད་ཚར་མ་ཐག་ཁྱེད་རང་གིས་དེའི་ནང་དོན་ཕབ་བླུགས་བྱས་ན་འགྲིག ཤོག་ལྷེ་དེའི་ནང་ཁྱེད་ཀྱིས་ནང་དོན་དག་ཕབ་བླུགས་ཚར་བ་དང་དེ་རྗེས་རྗེས་མའི་ཤོག་ལྷེའི་ཨང་གྲངས་བཀོད་ནས་ནང་དོན་དག་ཕབ་བླུགས་བྱས་ན་འགྲིག
མཁྱེན་དགོས་པ་ཞིག་ལ་ཤོག་ལྷེའི་ཨང་གྲངས་འགོད་པའི་བྱ་རིམ་དེས་ཤོག་ལྷེའི་ནང་དོན་ཡོད་སར་ཨང་གྲངས་བརྒྱབ་ཀྱི་རེད། དཔེར་ན། ཤོག་གྲངས་༢༣༠ཡི་མཇུག་མཐའི་ཡི་གེ་དེ་“ཞེས་”ཡིན་པ་དང་ཤོག་གྲངས་༢༣༡གི་ཐོག་མའི་ཡི་གེ་དེ་“པ་དང་”ཟེར་བ་དེ་ཡིན་ན་ཕབ་བླུགས་བྱས་པའི་ཡིག་ཆའི་ནང་“ཞེས [231] ་པ་དང་”ལྟ་བུ་ཐོན་གྱི་རེད། ཤོག་ལྷེའི་ཨང་གྲངས་བརྒྱབ་པའི་ཡིག་ཆའི་ནང་དོན་དེ་དག་གློག་ཀླད་ནས་དེབ་བམ་དཔེ་ཆའི་གཟུགས་སུ་པར་བརྒྱབ་དུས་ཨང་གྲངས་དེ་ཚོ་དཔེ་ཆ་ཡིན་ན་ཟུར་དང་དེབ་ཡིན་ན་མཇུག་ཏུ་རང་བཞིན་གྱིས་ཐོན་གྱི་ཡོད་པ་སོགས་ཀྱི་ནུས་པ་ཡོད།
ད་ལྟ་ཤོག་ལྷེའི་ཨང་གྲངས་དང་པོ་དེ་འགོད་རྒྱུར་ཐབས་ཤེས་གཉིས་ཡོད་པ་གཤམ་གསལ་ལྟར་ཏེ།
ཐབས་ཤེས་དེ་གཉིས་ཀས་སྒེ་ཁུང་ (“Window”) ནང་ཤོག་ལྷེའི་ཨང་གྲངས་བཀོད་སྒྲིག་བྱས་མེད་དེ་ “No page number has been set” ཞེས་པ་དེ་ཐོན་གྱི་རེད། དེ་ནས་ “OK” མནན་ན་གཤམ་གྱི་ཚལ་ཤོག་ཐོན་གྱི་རེད། འདི་ལྟར་སྣང་ངོ་།
དེ་ཡང་ཐོག་མར་ཤོག་ལྷེའི་ཨང་གྲངས་འགོད་ས་ (“Enter Page Number,” 输入页数) དེར་ཡིག་ཆའི་ཤོག་ལྷེའི་ཨང་གྲངས་དེ་འགོད་དགོས། དཔེ་དེའི་ནང་དེབ་དེའི་ཤོག་ལྷེའི་ཨང་གྲངས་དེ་༡༠༨ཆགས་པ་རེད།
དེ་ནས་བླུག་བྱའི་ནང་དོན་ལ་བལྟས་ནས་དེའི་ནང་ཨ་ལ་པོའི་ཨང་གྲངས་བརྒྱབ་ཡོད་མེད་ཤེས་རྟོགས་བྱ་དགོས། གལ་ཏེ་ཨང་གྲངས་བརྒྱབ་ཡོད་ན་གདམ་བྱ་དང་པོ་ “Number on Each Side of Page” (页边页数) དེ་གདམ་དགོས། གལ་ཏེ་བོད་ཡིག་གི་ཨང་གྲངས་དེ་གཅིག་པུ་ལས་མེད་ན་ “Front Side” (前边) ཞེས་པ་དེ་གདམ་དགོས།
ཡིག་ཕྲེང་དེ་ཚོར་ཨང་གྲངས་བརྒྱབ་ན་ “Insert Line Numbers” (输入行数) ཟེར་བ་དེ་གདམ་དགོས།
བླུགས་ཐབས་མཐེབ་ “Enter” མནན་ཚར་རྗེས་ཁྱེད་ནས་ཤོག་ལྷེའི་ཨང་གྲངས་དང་ཡིག་ཕྲེང་གི་ཨང་གྲངས་ཕབ་བླུགས་བྱ་དགོས། དེ་ལ་གོང་ལྟར་ཐབས་ཤེས་གཉིས་ཡོད་པ་ནི།
དེ་མིན་ཡིག་ཕྲེང་གི་ཨང་ཀི་བརྒྱབ་རྒྱུའི་ཐད “Ctrl+2” དེ་ཡིག་ཕྲེང་གཉིས་པར་རྒྱག་དགོས་པ་དང་ “Ctrl+3” དེ་ཡིག་ཕྲེང་གསུམ་པ། “Ctrl+4” དེ་ཡིག་ཕྲེང་བཞི་པ་སོགས་དེ་ལྟར་དུ་བརྒྱབ་ན་འགྲིག
ཡིག་ཕྲེང་གི་ཨང་གྲངས་མ་བླུགས་གོང་ངེས་པར་དུ་ཚེག་ཐུང་བརྒྱབ་དགོས་ལ་དེའི་རྗེས་དེ་མ་ཐག་ཏུ་གློག་ཀླད་ཀྱི་འོད་རྟགས་དེ་བཞག་དགོས་ཤིང་དེ་ནི་ཡིག་ཕྲེང་གསར་པ་དེའི་ནང་དོན་མ་བླུགས་གོང་ཡིག་ཕྲེང་གི་ཨང་གྲངས་བརྒྱབ་དགོས་པ་དེ་རེད། ཡིག་ཕྲེང་གི་ཨང་གྲངས་འགོད་རྒྱུའི་ཐབས་ཤེས་གཞན་ཞིག་ནི་ “THL” ཡི་ལག་ཆའི་སྒམ་ནང་གི་ “2” དེ་མནན་སྟེ་ཡིག་ཕྲེང་གཉིས་པ་འགོད་པ་དང་། དེ་བཞིན་ “3” མནན་ནས་ཡིག་ཕྲེང་གསུམ་པ་ཕབ་བླུགས་བྱ་དགོས། ཡང་བསྐྱར་ནན་བཤད་བྱ་དགོས་པ་ཞིག་ནི། ཡིག་ཕྲེང་གི་ཨང་གྲངས་ནི་ཡིག་ཕྲེང་སྔོན་གྱི་ཚེག་དེ་ཕབ་བླུགས་ཟིན་མ་ཐག་ཨང་གྲངས་དེ་ཉིད་ཕབ་བླུགས་བྱ་དགོས་པ་དེ་ཡིན།
གལ་ཏེ་ཁྱེད་རང་གིས་ཕབ་བླུགས་བྱ་རྒྱུའི་ནང་དོན་ལ་ཁ་བྱང་ཡོད་ན་ཤོག་ལྷེའི་ཨང་གྲངས་བཀོད་ཚར་མ་ཐག་ཁ་བྱང་དེ་ཉིད་ཕབ་བླུགས་བྱ་དགོས། དེ་ཡང་ཡིག་མགོ་དང་སྟོང་ཆ། ཚེག་ཐུང་སོགས་མ་ཡིག་ལ་ཇི་ལྟར་ཡོད་པ་དེ་བཞིན་དུ་ཕབ་དགོས་ལ། དབུ་ཤད་དེ་ཡིག་མགོའི་རྗེས་དེ་མ་ཐག་ཏུ་ཐོན་པའི་ཤད་གཉིས་ཀྱི་བར་ལའང་སྟོང་ཆ་ཡོད་ན་དེ་ལྟར་དུ་ཕབ་བླུགས་བྱ་དགོས། དཔེར་ན། ཁྱོད་ཀྱིས་ཀློང་ཆེན་པའི་“ཚིག་དོན་རིན་པོ་ཆེའི་མཛོད་”ཞེས་པའི་དཔེ་ཆ་དེ་ཕབ་བླུགས་བྱ་བ་དང་དེ་ཉིད་ཤོག་གྲངས་༡༥༧ནང་ཡོད་ན།
[157]༄༅། །གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པའི་ཚིག་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ་བཞུགས། ། ལྟ་བུ་མ་ཡིག་བཙན་པར་བྱ་དགོས་སོ།
དེ་ཡང་ “Ctrl+1” མནན་ནས་ཤོག་ལྷེ་རྗེས་མའི་ཨང་གྲངས་འགོད་དགོས།
དེ་ནས་ཤོག་ལྷེ་དང་པོའི་ནང་དོན་ཕབ་བླུགས་བྱ་དགོས་པ་དང་། ཤོག་ལྷེ་དང་པོའི་ནང་ཡོད་པའི་ཡིག་མགོ་མ་ཡིག་ལྟར་བླུགས་དགོས། གལ་སྲིད་ཡིག་མགོ་སུམ་སྦྲེལ་མ་ “༄༅༅།” ཡོད་ན་དེ་ལྟར་བརྒྱབ་དགོས།
འོན་ཀྱང་ཡིད་གཟབ་དགོས་པ་ནི་ཤོག་གྲངས་ཡོད་ཚད་ལ་ཡིག་མགོ་བཀོད་ན་མི་འགྲིག གང་ཡིན་ཟེར་ན་དེ་ནི་མཛེས་རྒྱན་ཙམ་ལས་དོན་ལྷག་པོ་བསྟན་དུ་མེད་པས་སོ། དེ་ལྟར་བྱས་ཚེ་ཁྱེད་རང་གི་ནང་དོན་དེ་ཚོ་གཤམ་འོག་ལྟར་ཐོན་གྱི་རེད།
དཀྱིལ་ངོས་སུ་ཡོད་པའི་ “Heading1,h1” ཡི་རྣམ་གཞག་ནི་ཁྱེད་རང་གི་དེབ་ཀྱི་མིང་རེད།
ཁ་བྱང་གི་ཤོག་ལྷེ་ (༡༥༧ནས་འགོ་ཚུགས་པ་) དེ་རྗེས་ལ་ཐོན་གྱི་རེད། དེའི་རྗེས་ཀྱི་ནང་དོན་དངོས་དེ་ཤོག་གྲངས་༡༥༨ནས་འགོ་འཛུགས་དགོས།
གོང་དུ་བསྟན་པའི་དོན་གནད་རྣམས་གྲུབ་རྗེས་ཁྱོད་ཀྱིས་མུ་མཐུད་ནང་དོན་ལྷག་མ་རྣམས་ཕབ་བླུགས་བྱས་ན་འགྲིག ཡིན་ནའང་ཁྱེད་རང་གིས་ཕབ་བཞིན་པའི་ནང་དོན་རྣམས་ “Paragraph,pr” ཡི་རྣམ་པ་ལྟར་གནས་དགོས་པ་དེ་གལ་ཆེན་པོ་ཡིན་པ་མ་ཟད། ནང་དོན་ཕབ་བླུགས་མ་བྱས་གོང་ཤོག་གྲངས་འགོད་རྒྱུ་དེ་ཡང་གལ་ཆེ་བ་ཡིན།
ཤོག་ལྷེ་ཞིག་གི་མཇུག་མཐར་སླེབས་དུས་ “Ctrl+1” མནན་པའམ་ཡང་ན་ “THL” ཡི་ལག་ཆའི་སྒམ་ནང་ནས་“P”མནན་ནས་རྗེས་མའི་ཤོག་གྲངས་འགོད་དགོས། ཤོག་ལྷེའི་ཨང་གྲངས་དེ་ཡིག་འབྲུའི་ཚེག་གང་གི་མཇུག་དང་། ཤོག་ལྷེ་རྗེས་མའི་ཡི་གེ་དང་པོ་དེའི་མདུན་ལ་དུས་ཐོག་ཏུ་འགོད་ཐུབ་པ་དགོས། བཀོད་ཟིན་པའི་ཤོག་ལྷེའི་ཨང་གྲངས་ཀྱི་མདུན་རྒྱབ་ལ་སྟོང་ཆ་ལུས་མི་རུང་སྟེ། དཔེར་ན། “ཞེས་[231]པ་དང་།” ལྟ་བུའོ།
གལ་ཏེ་ཤོག་ལྷེའི་ཨང་གྲངས་ནོར་ནས་ཡང་བསྐྱར་བཟོ་བཅོས་དགོས་ན་ ཁྱོད་ཀྱིས་ “Ctrl+0” མནན་པའམ་ཡང་ན་ “THL” ཡི་ལག་ཆའི་སྒམ་ནང་གི་ “F” དེ་མནན་ནས་རེའུ་མིག་དེ་བཏོན་ན་རྗེས་མའི་ཤོག་ལྷེའི་ཨང་གྲངས་འགོད་ས་དེ་རྟག་པར་ཐོན་གྱི་རེད། དེ་ནས་ཁྱོད་ཀྱིས་ཡང་དག་པའི་ཤོག་གྲངས་དེ་བླུགས་ནས་ “OK” མནན་ན་འགྲིག དེ་ལྟར་ནོར་འཁྲུལ་ཡོད་པ་དེ་བཅོས་ནས་ནམ་རྒྱུན་ལྟར་ཤོག་ལྷེའི་གྲངས་འགོད་ན་འགྲིག
དེ་ཡང་གློག་ཀླད་ནང་ཕབ་བླུགས་བྱ་བའི་དམིགས་ཡུལ་ནི་མ་ཡིག་བཙན་བཟུང་བྱ་རྒྱུ་དེ་ཡིན་ནའང་། མ་ཡིག་ནང་ཡོད་པའི་ནང་དོན་ཁག་ཅིག་གློག་རྡུལ་པར་གཞིའི་ནང་ཕབ་བླུགས་མི་དགོས་པ་གཤམ་གསལ་ལྟར་ཏེ།
ཁྱེད་རང་གི་གློག་ཀླད་ཡིག་ཆ་དེར་ཤོག་ལྷེ་༡༥༠ལས་མེད་ཚེ་ཡིག་ཆ་གསར་པ་ཞིག་བཟོ་དགོས། དེས་རྐྱེན་པས་ཁྱེད་རང་གི་ཡིག་ཆ་དེ་ཉིད་ཧ་ལས་དགོས་པའི་ཆེན་པོ་ཞིག་ཆགས་མི་སྲིད། གློག་ཀླད་ཡིག་ཆ་གཅིག་རྫོགས་ནས་ཡིག་ཆ་གསར་པ་ཞིག་འགོ་འཛུགས་དུས་མ་ཡིག་གི་ཤོག་ལྷེའི་ནང་དོན་མཇུག་མ་ནས་འགོ་འཛུགས་ན་ཡག་ཤོས་རེད།
ཡིག་ཆ་གསར་པ་ཞིག་འགོ་འཛུགས་དུས་དེ་སྔོན་གསལ་བཤད་བྱས་པ་ལྟར་ཡིག་ཆ་གསར་པ་ཞིག་བཟོ་དགོས། ཡིག་ཆ་གསར་པར་འགྱུར་བ་བྱུང་བའི་གནས་ཚུལ་རྣམས་ཐོ་འགོད་རེའུ་མིག་ནང་བླུགས་དགོས།
འགྱུར་ལྡོག་རེའུ་མིག་གི་གཤམ་འོག་ཏུ་དེའི་རྗེས་ཀྱི་ཤོག་ལྷེའི་ཨང་གྲངས་བརྒྱབ་དགོས། དེ་ནས་མུ་མཐུད་ནང་དོན་བླུགས་དགོས། དེར་ཁྱེད་རང་གིས་ཁ་བྱང་ངམ་གཞན་གྱི་རྟགས་གང་ཡང་བརྒྱབ་མི་དགོས། འགྱུར་ལྡོག་བྱུང་ནས་དགོས་མཁོ་ཡོད་པའི་ནང་དོན་རྣམས་རེའུ་མིག་ནང་ཡོད་པའི་རྐྱེན་གྱིས་ཤོག་གྲངས་བརྒྱབ་ནས་ནང་དོན་རྣམས་ཐད་ཀར་ཕབ་བླུགས་བྱས་ན་འགྲིག
གློག་ཀླད་ཀྱི་གནས་ཚུལ་ནི་ཤེས་རྟོགས་དཀའ་བས་ཁྱེད་རང་གིས་བྱས་ཟིན་པའི་ལས་ཀ་རྣམས་ཉར་ཚགས་ཡག་པོ་བྱེད་ཆེད་ཟུར་བཀོལ་གྱི་ཡིག་ཆ་(备份)ཞིག་བཟོ་རྒྱུ་དེ་གལ་ཆེན་ཞིག་རེད། དེ་ཡང་གློག་ཀླད་མིན་པའི་འགུལ་བསྐྱོད་གཉེན་ཆས་(移动软盘)སམ་ཡང་ན་དེ་ལྟའི་གཞན་གྱི་ནང་ཉིན་རེའི་ལས་ཀ་བྱས་པ་རྣམས་ཉར་ཚགས་བྱེད་དགོས།
འདིའི་ནང་ཁྱེད་རང་གིས་དཔེ་ཆའི་ནང་དོན་རྣམས་གློག་ཀླད་ནང་ཕབ་བླུགས་བྱེད་སྐབས་རྒྱུན་དུ་འཕྲད་པའི་གནས་ཚུལ་དག་ལ་གསལ་བཤད་བྱས་ཡོད་དེ། ནོར་འཁྲུལ་ཡོད་པའི་ནང་དོན་བླུགས་སྐབས་གང་འདྲ་བྱ་དགོས་པ་དང་། ནང་དོན་གསལ་པོ་མེད་པ་ཡིན་ན་གང་འདྲ་བྱ་དགོས་པ། དམིགས་བསལ་གྱི་བོད་ཡིག་ཞིག་བརྒྱབ་དགོས་ན་གང་འདྲ་བྱ་དགོས་པ་སོགས་ཀྱི་ཐད་གོ་རིམ་བཞིན་གསལ་བཤད་བྱེད་ཀྱི་ཡིན།
ཁྱེད་རང་གི་དམིགས་ཡུལ་ནི་དཔེ་ཆའི་མ་ཡིག་དང་གཅིག་པ་གཅིག་རྐྱང་ཡིན་པའི་ནང་དོན་ཞིག་གློག་ཀླད་ནང་ཕབ་བླུགས་བྱ་རྒྱུ་དེ་རེད། དེ་འདྲ་སོང་ཙང་གལ་སྲིད་མ་ཡིག་ནང་ནོར་འཁྲུལ་ཡོད་ནའང་དེ་ལ་བཟོ་བཅོས་མི་རུང་བར་ཇི་བཞིན་དུ་ཕབ་བླུགས་བྱ་དགོས། རྗེས་སུ་རྩོམ་སྒྲིག་པས་གློག་རྡུལ་པར་གཞི་ལ་ཞུས་དག་བྱེད་ཀྱི་རེད། ཡིན་ནའང་ཁོང་ཚོས་མ་ཡིག་དང་གཅིག་པ་ཡིན་པ་དེའང་ཉར་ཚགས་བྱེད་ཀྱི་རེད།
དེ་ཡང་སྤྱིའི་ཆ་ནས་བཤད་ན། “THL” ཡི་རེ་བ་ནི་དཔེ་ཆའི་ནང་དོན་ཕབ་བླུགས་བྱ་བ་དང་དེར་ཞུས་དག་བྱ་དུས་མ་ཡིག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེའི་ཕྱིར་དཔེ་ཆའི་ནང་དོན་ཕབ་བླུགས་དང་དེ་ལ་ཞུས་དག་གཏོང་སྐབས་བྱ་མི་རུང་བ་ཁག་ཅིག་ཡོད་དེ། ༡༽ཡི་གེའི་དག་ཆ་དང་ཚིག་ཕྲད་སོགས་བརྡ་སྤྲོད་ལུགས་དང་མི་མཐུན་པ་རྣམས་རང་དགར་བཟོ་བཅོས་མི་རུང་། ༢༽སྐུང་ཡིག་དང་ཚིག་སྡུད་སོགས་བཀྲལ་བའམ་ཡང་ན་གསལ་བཤད་བྱས་པའི་ཁ་སྣོན་གྱི་ཡི་གེ་རྣམས་ནང་དོན་དངོས་ལྟར་ཕབ་བླུགས་བྱ་མི་རུང་། ༣༽མིང་ཚིག་དང་བརྗོད་པ་སོགས་བར་གྱི་སྟོང་ཆ་རྣམས་མ་ཡིག་ལས་ལྷག་པོར་བཞག་པའམ། ཡིག་མགོ་ཁ་སྣོན་བརྒྱབ་ནས་ཤོག་ངོས་མཛེས་སུ་གཏོང་བ་སོགས་བྱ་མི་རུང་།
གལ་སྲིད་ཁྱེད་རང་ལ་ཞུས་དག་བྱ་རྒྱུའི་དབང་ཆ་ཡོད་ན། གཤམ་གསལ་གྱི་གོ་རིམ་བརྒྱུད་ནོར་འཁྲུལ་ཡོད་པའི་མ་ཡིག་དང་ཁྱེད་རང་གིས་ཞུས་དག་བྱས་པ་ཚང་མ་བལྟ་ཐུབ་པ་ཞིག་དགོས། དེ་ལྟར་བྱས་ཚེ་མ་ཡིག་སྲུང་སྐྱོབ་བྱ་ཐུབ་པ་མ་ཟད། རྩོམ་སྒྲིག་པས་ “TEI” ཡི་ཚད་གཞི་ལྟར་ནོར་བཅོས་བྱས་པ་ཡང་བལྟ་ཐུབ།
དཔེ་ཆའི་ནང་དོན་ལ་ལམ་སེང་ནོར་བཅོས་བྱ་དགོས་ན་ཕབ་བླུགས་མ་བྱས་གོང་ “Ctrl+F5” མནན་པའམ་ཡང་ན་ “THL” ཡི་ལག་ཆའི་སྒམ་ནང་གི་ “C” མནན་ན་རེའུ་མིག་ཅིག་ཐོན་ཡོང་ལ་རེའུ་མིག་དེའི་ “Actual Reading in Text” ཟེར་བའི་སྟོང་ཆའི་ནང་ནོར་འཁྲུལ་ཡོད་པའི་མ་ཡིག་དེ་བླུགས་དགོས་པ་དང་ “Corrected Reading” ཞེས་པའི་ནང་བཟོ་བཅོས་བརྒྱབ་པའི་ནང་དོན་རྣམས་ཕབ་བླུགས་བྱ་དགོས། “Editor’s Initials” ཞེས་པའི་སྟོང་ཆ་གསུམ་པ་དེའི་ནང་ཁྱེད་རང་གིས་གསལ་བཤད་དགོས་རྒྱུའི་ནང་དོན་རྣམས་བླུགས་དགོས། དེ་ནས་བླུགས་ཐབས་ཀྱི་མཐེབ་ “Enter” མནན་ནས་མུ་མཐུད་ནང་དོན་ཕབ་བླུགས་བྱ་དགོས།
ཐབས་ཤེས་དེ་ལྟར་བེད་སྤྱད་ན་ནོར་བཅོས་བརྒྱབ་པའི་ནང་དོན་དང་། འགན་འཁུར་གྱིས་བྲིས་པའི་གསལ་བཤད་ནང་དོན་བཅས་ཐོན་ཡོང་བ་གཤམ་གསལ་ལྟར་ཏེ།
གལ་ཏེ་ཁྱེད་རང་གིས་དཔེ་ཆའི་ནང་དོན་གློག་ཀླད་ནང་ཕབ་བླུགས་བྱ་དུས་ནང་དོན་གཅིག་མཚུངས་ཡིན་པའི་པར་གཞི་མི་འདྲ་བ་གཉིས་གསུམ་ལ་གཤིབ་བསྡུར་བྱེད་ཀྱི་ཡོད་ན་ཁྱེད་རང་གིས་ཕྱོགས་སྟོན་དེ་ཚོར་ཡིད་གཟབ་བྱ་དགོས། ཡིན་ནའང་པར་གཞི་མི་འདྲ་བ་འདེམས་དུས་ཀྱི་ཐབས་ཤེས་དེ་ནམ་རྒྱུན་ལྟར་ལག་ལེན་བསྟར་དགོས།
དཔེ་ཆའི་ནང་དོན་གང་ཡིན་མི་གསལ་བ་དེ་ཚོར་ “Ctrl+F2” མནན་པའམ་ཡང་ན་ “THL” ཡི་ལག་ཆའི་སྒམ་ནང་གི་ངོ་མདོག་སྐྱོ་པོའི་རྟགས་འདི་ལྟ་བུ།
དེ་མནན་པ་ཡིན་ན་དབྱིན་སྐད་ཐོག་ {ILLEGIBLE} ཟེར་བ་དོན་གྱི་རེད། དེ་ནས་མུ་མཐུད་གསལ་པོ་ཡོད་པ་དེ་ཚོ་བརྒྱབ་ན་འགྲིག དབྱིན་ཡིག་ཐད་ {ILLEGIBLE} ཟེར་བ་གློག་ཀླད་ནང་ཐོན་ཀྱང་ནང་དོན་དེ་ཚོ་དེབ་ལྟར་པར་བརྒྱབ་དུས་ཡི་གེ་དེ་ཚོ་མི་དོན་པ་དང་པར་གྱི་རྣམ་པ་ཡང་དག་པའི་ངང་དོན་ཡོང་གི་རེད།
རྣམ་པ་འདིའི་མིང་ལ་ “Illegible” སྟེ་བསྡུ་ན་ “Il” ཟེར་རོ།
ནང་དོན་གསལ་པོ་མེད་པའི་སར་ཁྱེད་རང་གིས་གང་ཐུབ་འོལ་ཚོད་གནང་རོགས། གསལ་པོ་མེད་པའི་ཡིག་འབྲུ་རྣམས་ལ་འོད་རྟགས་བརྒྱབ་ནས་ “Ctrl+F3” མནན་དགོས་པའམ་ཡང་ན་ “THL” ཡི་ལག་ཆའི་སྒམ་ནང་གི་རྐང་རྗེས་ཀྱི་རྟགས་དེ་མནན་དགོས། དེ་འདྲ་བྱས་ཚེ་གསལ་པོ་མེད་པ་རྣམས་ཕྱི་ཚུལ་ལ་དམིགས་བསལ་ཅན་དུ་གྱུར་ནས་ཀློག་པ་པོས་དེ་ཚོ་མ་ཡིག་ཐོག་གསལ་པོ་མེད་པ་ཤེས་རྟོགས་ཐུབ། “Ctrl+F3” ཡང་ན་རྐང་རྗེས་རྟགས་དེས་གསལ་པོ་མེད་པའི་རྣམ་པར་འགྱུར་ལྡོག་གཏོང་ཐུབ། དེ་ལྟར་འགྱུར་ལྡོག་གཏོང་བའི་གོ་རིམ་ནི།
རྣམ་པ་དེར་ “Unclear” སྟེ་བསྡུས་ན་ “uc” ཟེར་གྱི་ཡོད། དེ་ཚོ་གློག་ཀླད་ནང་ཚོས་གཞི་དམར་པོར་མངོན་གྱི་རེད།
“Tibetan Machine Uni” མཐེབ་གཞོང་ལ་བོད་ཡིག་གི་དམིགས་བསལ་གྱི་ཡི་གེ་དང་བརྡ་མཚོན་རྟགས་ཤད་འདྲ་མིན་སྣ་ཚོགས་བླུགས་ཐུབ་ཀྱི་ཡོད། གལ་སྲིད་ཁྱེད་རང་ལ་དམིགས་བསལ་གྱི་ཡི་གེའམ་བརྡ་རྟགས་དེ་ཚོ་རྒྱག་པར་དཀའ་ངལ་ཡོད་ན་ཐབས་ཤེས་ལས་སླ་ཤོས་དེ་ནི་ “Insert symbol” ཟེར་བ་དེ་ནས་གདམ་ན་འགྲིག “Insert symbol” ཡི་བླུགས་ཐབས་ནི།
གཤམ་གསལ་གྱི་ནང་དོན་ནང་མི་རྣམས་ཀྱི་ཁག་པོར་མངོན་པའི་དམིགས་བསལ་གྱི་མཚོན་རྟགས་ཁག་ཅིག་བླུགས་ཡོད།
དེ་ནི་སཾསྐྲྀཏའི་སྒྲ་ཞིག་ཡིན་ལ་རོའོ་མན་གྱི་ཡི་གེའི་ནང་ “h” ཡིས་མཚོན་པར་བྱེད་ཀྱི་ཡོད། དེ་ཡང་རྣམ་བཅད་ཐོན་སྐབས་རྣམ་བཅད་ “ཿ” འདི་ལྟར་བླུགས་པ་ལས་གཏེར་ཤད་ “༔” འདི་ཉིད་བླུགས་མི་རུང་། ཀླད་ཀོར་བརྩེགས་མ་གཉིས་ཀྱི་མདུན་དུ་ཡོད་པའི་ཆེ་བ་དེ་ནི་རྣམ་བཅད་གང་ལ་སྦྱོར་སའི་ཡི་གེའི་དེའི་མཚོན་བྱེད་ཙམ་ལས་རྣམ་བཅད་ཀྱི་ཁུངས་མ་ཡིན་ནོ།
དེ་ནི་སཾསྐྲྀཏ་ཡི་སྒྲ་གདངས་རིང་པོ་མཚོན་བྱེད་ཀྱི་རྟགས་ཡིན་པས་དེ་ཉིད་ཐོན་སྐབས་པླུཏ་ “྅” འདི་ཉིད་བླུགས་པ་ལས་ “ཉ” བླུགས་མི་རུང་།
རྟགས་དེ་བོད་ཡིག་ནང་མཆོག་གྱུར་གྱི་མི་མིང་གང་ཞིག་གི་མདུན་གྱི་ཚིག་ཁྱིམ་དང་པོ་དེར་བེད་སྤྱོད་བྱེད་ཀྱི་ཡོད། འདི་ཉིད་ཐོན་སྐབས་ཆེ་མགོ་ཉིད་བེད་སྤྱོད་བྱ་བ་ལས་ཨང་ཀི་བདུན་པ་བེད་སྤྱོད་བྱ་མི་རུང་། (༧) གཟབ་ནན་དགོས་པ་ནི་ཆེ་མགོ་ནི་ཨང་ཀི་བདུན་པ་དང་འདྲ་པོ་ཡོད་ཀྱང་དེ་ལས་མཐོ་བ་ཡོད། (༸)
དེ་ནི་གསལ་བཤད་བྱེད་སྐབས་མ་ཡིག་གི་འོག་ཏུ་ཀླད་ཀོར་གྱི་གཟུགས་བརྒྱབ་ཀྱི་ཡོད། དེས་ནུས་པ་མི་འདྲ་བ་ཐོན་གྱི་ཡོད།
མ་ཡིག་ནང་ཐོན་པའི་ཤད་མི་འདྲ་བ་རྣམས་ཕབ་བླུགས་བྱ་སྐབས་ཡང་དག་པའི་སྒོ་ནས་བེད་སྤྱོད་ཐུབ་པ་དགོས།
དེ་ནི་ཡིག་ཕྲེང་གི་མགོར་ཡིག་རྡོག་གཅིག་བྱུང་ན་དེ་ཉིད་ཚུགས་ཐུབ་པའི་ཆེད་དུ་བེད་སྤྱོད་བྱེད་པ་ཡིན་པས་དེ་ཉིད་ཀྱང་ཇི་བཞིན་ཕབ་བླུགས་བྱ་དགོས།
གཏེར་ཤད་ནི་གཏེར་མའི་དཔེ་ཆའི་ནང་སྤྱོད་པའི་དམིགས་བསལ་གྱི་ཤད་ཡིན། དེའི་ནུས་པ་ནི་སྤྱིར་བཏང་གི་ཤད་དང་གཅིག་པ་རེད། ཕབ་བླུགས་སྐབས་གཏེར་ཤད་ཉིད་བླུགས་པ་ལས་རྣམ་བཅད་ཀྱི་རྟགས་བླུགས་མི་རུང་།
“Tibetan Machine Uni” གྱི་ཡིག་གཟུགས་ནང་ཤད་མི་འདྲ་བ་འདི་རྣམས་ཡོད་དེ། ༎ ༏ ༐ ༑ ༈ སོགས་སོ། ཕབ་བླུགས་དང་ཞུས་དག་སྐབས་མ་ཡིག་ཇི་བཞིན་ཤད་རྣམས་བེད་སྤྱོད་བྱ་དགོས།
གལ་ཏེ་ཁྱེད་རང་ལ་ཤད་དེ་ཚོ་བེད་སྤྱོད་བྱེད་ཁག་པའི་གནས་ཚུལ་འཕྲད་ན་གོང་གི་གོ་རིམ་དྲུག་པར་གཟིགས་རོགས་ཞུ།
“Tibetan Machine Uni” གྱི་ཡིག་གཟུགས་དེས་བོད་ཡིག་ནང་བེད་སྤྱོད་ཡོད་པའི་ལེགས་སྦྱར་གྱི་ཡི་གེ་དག་སྤྱིར་ན་ཕབ་བླུགས་བྱེད་ཐུབ་ཀྱང་དམིགས་བསལ་ཅན་ཁག་ཅིག་ཕབ་བླུགས་བྱ་མི་ཐུབ། གལ་ཏེ་ཁྱེད་རང་ལ་ཡི་གེ་དེ་རིགས་འཕྲད་ན་ཤོག་ལྷེ་དེ་ཚོ་གློག་རྡུལ་གྱིས་འདྲ་བཤུ་བྱ་དགོས། གནས་ཚུལ་འདི་རིགས་འཕྲད་སྐབས་རྩོམ་སྒྲིག་པར་འབྲེལ་བ་བྱས་ནས་ <a class="safe-contact" href="javascript:linkTo_UnCryptMailto('nbjmup;uimAdpmmbc/jud/wjshjojb/fev');"><img src="/global/images/contact/contact-thl.gif" /></a> ཐབས་ཤེས་བཀའ་འདྲི་ཞུས་ཆོག དེ་ལྟར་བྱས་ཚེ་ “Tibetan Machine Uni” ཡིག་གཟུགས་ཀྱི་པར་གཞི་གསར་པ་ཐོན་གྱི་རེད།
བོད་ཡིག་དཔེ་རྙིང་སྤྱི་དང་ལྷག་པར་དུ་ལག་བྲིས་ཀྱི་དཔེ་ཆའི་ནང་སྐུང་ཡིག་གམ་བསྡུས་ཡིག་མང་པོ་བེད་སྤྱོད་བཏང་ཡོད། སྐུང་ཡིག་ནི་ཚེག་ཁྱིམ་ཁ་ཤས་ལྷན་ཅིག་ཏུ་བསྐུང་པས་དེར་འགྲེལ་བཤད་བྱེད་དུས་ཁག་པོ་ཡོད། གལ་སྲིད་དཔེ་ཆའི་ནང་དོན་དེ་དབུ་ཅན་གྱིས་བྲིས་པ་ཡིན་ན་སྐུང་ཡིག་དེ་རིགས་སོ་སོར་འཕྲལ་མི་རུང་། གལ་སྲིད་དཔེ་ཆའི་ནང་ “ལཊ་” ཞེས་འཁོད་ཡོད་ན་དེ་ལྟར་ཕབ་བླུགས་བྱ་བ་ལས་ “ལགས་” ཞེས་ཕབ་མི་རུང་། དེ་བཞིན་དཔེར་ན།
གལ་སྲིད་ཁྱེད་རང་གིས་ཕབ་བླུགས་བྱེད་པའི་མ་ཡིག་དེ་ཡིག་གཟུགས་གཞན་ཡིན་ཚེ་སྐུང་ཡིག་མང་པོ་བེད་སྤྱོད་བྱས་པ་དེ་རིགས་སོ་སོར་འཕྲལ་ནས་ཕབ་བླུགས་བྱ་དགོས། རྒྱུ་མཚན་ནི་སྐུང་ཡིག་དེ་ཚོ་དབུ་ཅན་ལ་འགྱུར་མི་ཐུབ་པས་སོ། གནས་ཚུལ་འདི་རིགས་འཕྲད་ཚེ་ཁྱེད་རང་གིས་རྩོམ་སྒྲིག་པར་སྐད་ཆ་འབྲི་དགོས།
མཆན་འགྲེལ་ནི་མི་གཞན་གྱིས་བྲིས་པའི་མ་ཡིག་དེར་མཆན་རྟགས་ཞིག་བཀོད་ནས་འགྲེལ་བ་བརྒྱབ་སྟེ་མ་ཡིག་དང་ལྷན་ཅིག་ཏུ་འགྲོགས་པ་དེར་ཟེར་བ་དང་། གལ་སྲིད་ཁྱེད་རང་གིས་ཕབ་བླུགས་བྱ་བའི་དཔེ་ཆ་དེར་མཆན་འགྲེལ་ཡོད་ཚེ་གཤམ་གསལ་གྱི་ཐབས་ཤེས་བེད་སྤྱོད་དགོས། དེ་ལྟར་བྱས་ན་གློག་ཀླད་ཀྱི་ཡིག་ཆ་རྣམསདཔེ་ཆ་ལྟར་པར་རྒྱག་དུས་རང་བཞིན་གྱིས་མཆན་འགྲེལ་རྣམས་སྔར་གྱི་མ་ཡིག་ལྟར་ཐོན་ཐུབ། མཆན་འགྲེལ་ཕབ་བླུགས་བྱ་དགོས་ན། སྲུབས་འཇུག་(插入)ནས་ཐོན་པའི་ཤོག་ལྷེ་ཆུང་ཆུང་དེའི་ནང་བྲིས་ན་མི་འགྲིག
དེ་ལྟར་བྱས་ཚེ། མཆན་འགྲེལ་རྣམས་ཡིག་གཟུགས་ཆུང་ངུ་གསེག་ཏུ་ཡོད་པའི་རྣམ་པའི་ཐོག་ནས་ཐོན་ཐུབ་སྟེ། དཔེར་ན། “འདི་གཞུང་གི་ཡི་གེ་རེད། འདི་མཆན་འགྲེལ་མཆན་འགྲེལ་ཟེར་ཡས་འདི་མཆན་བུའི་ཡི་གེ་རེད། མ་རེད་” ལྟ་བུའོ། གོང་དུ་བཤད་ཟིན་ལྟར་མཆན་འགྲེལ་རྣམས་ཕབ་བླུགས་བྱ་སའི་ས་ཆར་ཕབ་བླུགས་བྱས་ཚར་རྗེས་འབུར་མངོན་བྱས་ཏེ་(加粗)“Ctrl+F1” མནན་ན་ནང་དོན་དེ་དག་མཆན་འགྲེལ་གྱི་རྣམ་པའི་ཐོག་ནས་ཐོན་ཐུབ་ཀྱི་རེད།
བར་དུ་འཇུག་དགོས་པའི་ཚིག་དུམ་མམ་ཡང་ན་ཨང་ཀི་སོགས་ལ་ “Ctrl+F4” མནན་པའམ་ཡང་ན་ “THL” ཡི་ལག་ཆའི་སྒམ་ནང་འཛུལ་ཏེ་བར་འཇུག་རྟགས་(小括号)དེ་མནན་ན་འགྲིག དེ་འདྲ་བྱས་ཚེ་བར་འཇུག་གི་རྟགས་གཉིས་ཐོན་སྲིད། བར་འཇུག་རྟགས་༼ ༽ འདིའི་ནང་འཇུག་དགོས་པའི་ནང་དོན་རྣམས་ཕབ་བླུགས་བྱ་དགོས་པ་དང་དེ་ནས་རྟགས་དེའི་ཕྱི་ལ་དོན་ནས་ནང་དོན་དངོས་རྣམས་མུ་མཐུད་ཕབ་བླུགས་བྱས་ན་ཆོག
དེ་ཡང་བར་འཇུག་གི་ནང་དོན་རྣམས་སྔོན་ལ་ཕབ་བླུགས་བྱ་དགོས་པ་དང་དེ་རྗེས་འབུར་དུ་མངོན་པར་བྱས་ནས་(加粗)“Ctrl+F4” མནན་པའམ་ཡང་ན་བར་འཇུག་རྟགས་དེ་ཡིག་ཆའི་སྒམ་ནས་གདམ་སྟེ་བེད་སྤྱོད་བྱས་ནའང་འགྲིག དེ་ལྟར་བྱས་ཚེ་བར་འཇུག་ནང་དོན་རྣམས་བར་འཇུག་བྱས་པ་བཞིན་མངོན་ཐུབ།
དེ་ལྟ་བུའི་དཔེར་བརྗོད་ནི་ལྔ་པ་ཆེན་པོའི་གསན་ཡིག་ནང་གསེག་ཏུ་ཡོད་པའི་མིང་དང་བར་འཇུག་གི་ནང་དོན་ཡོད་པ་ལྟ་བུ་རྣམས་སོ།
བོད་ཡིག་གི་བཀླག་དེབ་པར་གཞི་ཁག་མི་འདྲ་བ་དེ་ཚོར་གསལ་རྟགས་བརྒྱབ་དགོས་པ་ནི་ང་ཚོས་ Word ནང་གི་ཟུར་མཆན་བེད་སྤྱོད་བཏང་ནས་ཐོ་བརྒྱབ་ཀྱི་ཡོད། “XML” ཡི་འགྱུར་བ་གཏོང་ཐུབ་པའི་ནུས་པ་དེ་བེད་སྤྱོད་གཏོང་གི་ཡོད་ན་ནང་དོན་དེ་ཚོ་ཡང་ “apparatus” (<app>) ཤོག་བྱང་ལ་བརྗེས་ཐུབ། དེའི་ནང་གི་ནང་དོན་དེབ་མི་འདྲ་བའི་སྐོར་པར་གཞི་ལས་ཁུངས་དང་ཤོག་གྲངས་བཅས་ “<app>” ཤོག་བྱང་བཞིན་གསལ་པོར་འཁོད་ཐུབ་ཀྱི་རེད། ང་ཚོས་རོང་ཟོམ་གྱི་བཅའ་ཡིག་ (དམ་བཅའ་) དེར་མཚོན་ན། དེ་ལ་པར་གཞི་མི་འདྲ་བ་གསུམ་ཡོད་དེ་ལག་བྲིས་དང་། རྒྱ་གར་གྱི་PL-480 པར་གཞི། དེ་བཞིན་ཀྲུང་གོ་ནས་བཏོན་པའི་པར་གཞི་བཅས་སོ།
པར་གཞི་མི་འདྲ་བ་དེ་ཚོར་ཚིག་སྡུད་མི་འདྲ་བ་བེད་སྤྱད་པས་དཔེ་སྐྲུན་ཁང་མི་འདྲ་བ་ངོས་སྤྲོད་ཐུབ། ཚིག་སྡུད་དེ་ཚོ་བེད་སྤྱོད་གཏོང་དགོས་ན། ང་ཚོས་སྔོན་ལ་དཔེ་སྐྲུན་ཁང་དེ་ཚོས་ཚིག་སྡུད་དེ་ཚོ་བེད་སྤྱོད་བཏང་གི་ཡོད་མེད་ཞིབ་བསྡུར་བྱ་དགོས། དཔེར་ན། རྙིང་མ་རྒྱུད་འབུམ་ལ་ “Dg” ཞེས་པའི་ཚིག་སྡུད་ཡོད་ན་དེ་ནི་སྡེ་དགེ་ (Degé) པར་ཁང་གི་པར་མ་ཡིན་པ་མཚོན་ཐུབ། དེ་བཞིན་སྡེ་དགེ་པར་ཁང་གིས་བསྐྲུན་པའི་དཔེ་ཆ་ཀུན་ལ་ “Dg” ཞེས་པའི་ཚིག་སྡུད་བེད་སྤྱོད་བཏང་ན་འགྲིག རོང་ཟོམ་གྱི་བཅའ་ཡིག་ལ་མཚོན་ན། ང་ཚོས་ “PL” ཚིག་སྡུད་བེད་སྤྱོད་བཏང་གི་ཡོད་པ་སྟེ། PL-480དཔེ་སྐུན་ཁང་ནས་ཡིན་པས་སོ། གཞན་ཡང་ “PRC” ནི་PRCདཔེ་སྐྲུན་ཁང་དང་། “MS” ནི་ལག་བྲིས་དཔེ་ཆ་ཡིན་པ་སོགས་ལ་ངོས་འཛིན་བྱེད་ཀྱི་ཡོད། Authority File of Sigla ཟེར་བའི་དྲ་ཤོག་ལ་གཟིགས་ཏེ་ཚིག་སྡུད་ངོས་འཛིན་ཐུབ་པ་རྣམས་ངོས་བཟུང་དགོས། གལ་སྲིད་དེའི་ནང་འཁོད་མེད་པ་དག་དང་འཕྲད་ཚེ་ཚིག་སྡུད་ཞིག་བཟོས་ཏེ་གཏན་ལ་ཕབ་དགོས།
གསལ་བཤད། དེ་ཡང་ཁྱེད་རང་གིས་པར་གཞི་ཚང་མར་ཚིག་སྡུད་ཀྱི་མིང་གཅིག་བརྒྱབ་དུས་ཚིག་སྡུད་ཀྱི་མིང་དེར་འགྱུར་བ་གཏོང་ཐུབ། དེ་ནི་ནང་དོན་རྟགས་བརྒྱབ་ཟིན་རྗེས་དང་XMLལ་བརྗེ་པོ་བརྒྱབ་ཚར་རྗེས་ཟུར་མཆན་ “<app>” ནང་འཚོལ་བ་དང་འགྱུར་བ་གཏོང་ཐུབ་ཀྱི་རེད།
ཁྱེད་རང་ལ་ཁྱེད་རང་གིས་བདམས་པའི་གཞི་རྩའི་པར་གཞི་གཅིག་ཡོད་པ་རེད། པར་གཞི་དེའི་ནང་དོན་ “Word” གཞིར་བཟུང་ཕབ་ཡོད་པས་དེ་ཚོ་ “XML” ཡི་རྣམ་པར་འགྱུར་ལྡོག་གཏོང་ཐུབ། རོང་ཟོམ་གྱི་དཔེ་ཆ་ལ་ཆ་བཞག་ན། དེ་ནི་ལག་བྲིས་དཔེ་ཆ་ཡིན་པ་དང་ “Wylie” ནང་ཕབ་བླུགས་བྱས་ཡོད།
པར་གཞི་མི་འདྲ་བའི་ཐོ་འགོད་སྟངས་ནི་ཐོག་མར་ཚིག་སྡུད་ཀྱི་མིང་འདོགས་བྱ་རྒྱུ་དང་། དེ་ནས་བར་འཇུག་ཤོག་ལྷེའི་ཨང་གྲངས་འགོད་རྒྱུ། དེ་ནས་བཤད་རྟགས་ (:) བརྒྱབ་རྒྱུ་དང་དེ་ནས་པར་གཞི་མི་འདྲ་བ་མཐོང་ཐུབ།
རོང་ཟོམ་གྱི་བཅའ་ཡིག་ལ་མཚོན་ན། ལག་བྲིས་ལྟར་བཀོད་པ་ནི་ “bsnyan” ཟེར་བ་དང་། “PL-480” ཡི་པར་གཞིའི་ཤོག་ལྷེ་152ནང་གི་ཡིག་ཕྲེང་བཞི་པའི་ནང་ “brnyan” ཞེས་འཁོད་ཡོད། དེ་ལྟར་མངོན་ཐུབ་པའི་ཆེད་གཞི་རྩའི་པར་གཞིའམ་ལག་བྲིས་དཔེ་ཆ་ “bsnyan” གྱི་རྗེས་ལ་ཟུར་མཆན་ཞིག་ཁ་སྣོན་བྱ་དགོས་ཀྱི་རེད། དེའང་ཟུར་མཆན་གྱི་དཔེ་གཞི་ནི་གཤམ་གསལ་ལྟར་རོ།
གལ་སྲིད་པར་གཞི་མི་འདྲ་བའི་ནང་དོན་དེ་ཚོ་ཚིག་འབྲུ་གཅིག་མིན་མང་པོར་ཡོད་ན་གཞི་རྩའི་པར་གཞིའི་ནང་གི་ཚིག་འབྲུ་དེ་ཚོ་གུག་རྟགས་ཆེ་བའི་ { } ནང་བླུགས་ཏེ་གུག་རྟགས་ཀྱི་རྗེས་ལ་ཟུར་མཆན་ཞིག་འབྲི་དགོས། དཔེར་ན། གཞི་རྩའི་པར་གཞིའི་ནང་ bsnyan de ཡིན་པ་དང་PRCཡི་པར་གཞིའི་ནང་ brnyan ’di ཞེས་ཤོག་གྲངས་45 ཡི་ཡིག་ཕྲེང་2ནང་འཁོད་ཡོད་ན་གཤམ་གསལ་ལྟར་མངོན་ཐུབ་སྟེ།
ཡིན་པ་དང་། ཟུར་མཆན་དེ་གཤམ་གསལ་ལྟར་མངོན་ཐུབ་སྟེ།
ལྟ་བུའོ།
གལ་ཏེ་པར་གཞི་གཉིས་སམ་དེ་ལས་མང་བའི་ནང་གི་ཚིག་འབྲུ་ཞིག་ལ་ཀློག་སྟངས་འདྲ་མིན་མང་པོ་ཡོད་ན་དེ་ཚོ་འབྱེད་རྟགས་ (;) ཀྱིས་དབྱེ་བ་ཕྱེ་དགོས། གོང་གི་དཔེར་བརྗོད་དེར་ཆ་བཞག་ན། “PRC” ཡི་པར་གཞིའི་ནང་ཤོག་ལྷེ་321ཡིག་ཕྲེང་5ནང་ “brnyan” ཞེས་འཁོད་ཡོད་ན་ཟུར་མཆན་དེ་གཤམ་གསལ་ལྟར་མངོན་ཐུབ་སྟེ།
གལ་ཏེ་པར་གཞི་མི་འདྲ་བ་གཉིས་ནང་ཀློག་སྟངས་གཅིག་པ་ཡིན་ན། ཟུར་མཆན་དེ་གཤམ་གསལ་ལྟར་མངོན་ཐུབ།
གསལ་བཤད། གལ་སྲིད་པར་གཞི་མི་འདྲ་བའི་ནང་ཀློག་སྟངས་མི་འདྲ་བ་ཁག་ཡོད་ན། ཁྱོད་ཀྱིས་ངེས་པར་དུ་དེ་དག་གི་གོ་རིམ་ལ་ཡིད་གཟབ་བྱ་དགོས། དཔེར་ན། ང་ཚོས་གཏན་འཁེལ་བྱས་པ་ནི་ “PL” ཡི་པར་གཞི་དེ་ཨང་དང་པོར་འགོད་རྒྱུ་དང་། “PRC” ཡི་པར་གཞི་དེ་ཨང་གཉིས་པར་འགོད་རྒྱུ་དེ་ཡིན།
གལ་སྲིད་གཞི་རྩའི་པར་གཞིའི་ནང་ནང་དོན་ཁག་ཅིག་དོར་བའི་གནས་ཚུལ་འཕྲད་ཚེ་གུག་རྟགས་ཤིག་བརྒྱབ་ནས་དེའི་ཕྱིར་ཟུར་མཆན་ཞིག་འབྲི་དགོས། ཟུར་མཆན་ནང་ཚིག་སྡུད་དང་ཤོག་གྲངས། བཤད་རྟགས། དོར་བའི་ནང་དོན་བཅས་འབྲི་དགོས་པ་དཔེར་ན། ལག་བྲིས་དཔེ་ཆའི་ནང་ “de ltar yongs su sgrub na” (དེ་ལྟར་ཡོངས་སུ་སྒྲུབ་ན་) ཡིན་པ་དང་། “PL-480” པར་གཞིའི་ནང་ “de ltar sgrub na” (དེ་ལྟར་སྒྲུབ་ན་) ཞེས་ཤོག་ལྷེ་405ཡིག་ཕྲེང་3ནང་འཁོད་ཡོད་ན་འདི་ལྟ་སྟེ།
དང་། དེའི་ཟུར་མཆན་ནང་།
ལྟ་བུ་ཡིན་ནོ།
གནས་ཚུལ་གཞན་ཞིག་ནི། ནང་དོན་མི་འདྲ་བ་ཁག་ཅིག་ལ་གཞི་རྩའི་པར་གཞི་མི་འདྲ་བར་ནང་དོན་ལྷག་པོ་ཁག་ཁ་སྣོན་བྱས་ཡོད་པ་དཔེར་ན། ལག་བྲིས་དཔེ་ཆའི་ནང་ “las kyis” (ལས་ཀྱིས་) དང་། “PRC” པར་གཞིའི་ཤོག་གྲངས་204ཡིག་ཕྲེང་6ནང་ “las thams cad kyis” (ལས་ཐམས་ཅད་ཀྱིས་) ཞེས་འཁོད་ཡོད་ན་གཤམ་གསལ་ལྟར་ཏེ།
གསལ་བཤད། ཟུར་མཆན་ནི་ནང་དོན་དོར་སའི་གནས་ལ་འབྲི་དགོས་པ་དང་དེ་ནི་ཚེག་ཁྱིམ་གྱི་མདུན་ལ་སྟོང་པ་་ཞིག་བཞག་ནས་འབྲི་དགོས།
ཟུར་མཆན་ནི།
ཞེས་འབྲི་དགོས།
གལ་ཏེ་ཁྱེད་རང་གིས་པར་གཞི་ལེགས་པོ་ཞིག་ངོ་སྤྲོད་བྱེད་དགོས་ན། ཚིག་སྡུད་ཀྱི་མདུན་ལ་ (*) རྟགས་འདི་བེད་སྤྱོད་གཏོང་དགོས། གོང་གི་དཔེར་བརྗོད་ལ་མཚོན་ན། གལ་སྲིད་ “PL-480” དེ་པར་གཞི་ལེགས་པོ་ཞིག་ཡིན་ན་འདི་ལྟར་ཏེ། *PL (152.4): brnyan; PRC (321.5): brnyen ལྟ་བུ་འབྲི་བར་བྱའོ།
འདིར་ཁ་གསབ་བྱེད་དགོས་པ་ཞིག་ནི་བོད་ཡིག་གི་ནང་དོན་ཕབ་བླུགས་བྱེད་སྐབས་ནུས་པ་ཐོན་ཤོས་ཤིག་ནི་ནོར་འཁྲུལ་མི་ཤོར་བ་བྱ་རྒྱུ་དེ་རེད། གློག་རྡུལ་པར་གཞི་དེ་ཚོར་ནོར་འཁྲུལ་གྱི་རིགས་ཐོན་ན་རིན་ཐང་ཆུང་ངུར་འགྲོ་སྲིད་དེ། དེ་དག་བེད་སྤྱོད་གནང་མཁན་ཚོས་མུ་མཐུད་ནོར་འཁྲུལ་དེ་ཚོ་བེད་སྤྱོད་བཏང་ནས་མ་དག་རྒྱུན་འབྱམས་སུ་འགྲོ་བ་མ་ཟད། དེ་དག་དཔྱད་གཞིར་འཛིན་ནས་ཞིབ་འཇུག་བྱ་བ་ལའང་ནོར་འཁྲུལ་ཅན་གྱི་མཇུག་འབྲས་ཐོན་རྒྱུ་རེད། དེ་ཕྱིར་དང་ཐོག་མ་ནས་ལས་ཀ་དེ་ཚོ་གཟབ་ནན་ངང་སྒྲུབ་དགོས་པ་དང་། ཕབ་བླུགས་བྱས་པ་རྣམས་ལག་བྲིས་མ་ཡིག་གཞིར་འཛིན་ནས་ཞུས་དག་ནན་པོ་བྱ་དགོས་སོ།
ནོར་འཁྲུལ་ཉུང་དུ་གཏོང་བའི་ཐབས་ཤེས་ལེགས་ཤོས་ཤིག་ནི་ཕབ་བླུགས་ཐེངས་གཉིས་བྱེད་རྒྱུ་དེ་རེད། དེ་ཡང་མི་གཉིས་ཀྱིས་ནང་དོན་གཅིག་ཐེངས་རེ་རེ་ཕབ་བླུགས་བྱས་ཚེ་གློག་ཀླད་ཀྱི་ “Word” ཡི་ནང་དོན་མི་འདྲ་བ་རྣམས་འབུར་དུ་འདོན་འཇུག་ནས་རྩོམ་སྒྲིག་པ་ཞིག་གིས་མཇུག་འབྲས་ལ་ཞུས་དག་བྱེད་རྒྱུ་དེ་རེད། ཡིན་ནའང་ཕབ་བླུགས་ཐེངས་གཉིས་བྱེད་པའི་རྐྱེན་གྱིས་འགྲོ་སོང་མང་པོ་གཏོང་དགོས་པ་མ་ཟད་དུས་ཚོད་ཀྱང་རིང་པོ་འགོར་སྲིད།
ཕབ་བླུགས་ཐེངས་ག་ཚོད་བྱེད་ཀྱང་གཤམ་གསལ་གཞི་རྩའི་ཐབས་ཤེས་རྣམས་ལེགས་པར་སྤྱད་ན་སྤུད་ཚད་ཡག་པོ་ཡོང་རྒྱུར་ཕན་ཐོགས་ཡོད་ངེས།
དེ་དང་རིགས་གཅིག་པའི་ཐབས་ཤེས་གཞན་ཞིག་ནི་མི་གཅིག་གིས་ནན་པོའི་སྒོ་ནས་ཡི་གེ་རྣམས་སྦྱོར་ཀློག་བརྒྱབ་སྟེ་ཀློག་པ་མ་ཟད། ཀློག་བྱའི་ནང་གི་སྟོང་ཆ་དང་བརྡ་མཚོན་རྟགས་ཤད་སོགས་ཀྱང་ཀློག་གི་ཡོད། དེས་རྐྱེན་པས་ “s-t-a-r-t-space-t-h-i-s”(ས་ཏ་བཏགས་སྟ་ར་ཏ་-སྟོང་ཆ་-ཐ་གི་གུ་ཐི་ས་)ལྟར་ཀློག་རྒྱུ་རེད། འོན་ཀྱང་དེ་ལྟར་བྱས་ཚེ་ནང་དོན་རིང་པོ་ཡོད་རིགས་ལ་ཐབས་ཤེས་དེ་ཡག་པོ་ཡོད་མེད་མི་ཤེས་ལ། ཞུས་དག་པས་ལས་ཀ་མགྱོགས་པོ་བྱེད་མིན་ཡང་དོགས་གནས་སུ་སོང་བས་ནོར་འཁྲུལ་ཁག་ཅིག་ལུས་སྲིད།
གཤམ་གསལ་ནང་དོན་འདྲ་མིན་ལྡན་པའི་རེའུ་མིག་དེ་ཡིག་ཆ་ཚང་མའི་མདུན་དུ་འཇོག་དགོས། གལ་སྲིད་དཔེ་ཆ་གཅིག་ལ་ཡིག་ཆ་མང་པོ་ཡོད་ན་ཡིག་ཆ་སོ་སོར་ཡང་རེའུ་མིག་རེ་རེ་དགོས། “Metadata” (འགྱུར་ལྡོག་ཡོད་པའི་ཆ་འཕྲིན་)ནི་དཔེ་ཆའི་སྐོར་གྱི་ཆ་འཕྲིན་ཡིན་པ་ལས་དཔེ་ཆ་རང་རང་ལ་ཟེར་གྱི་མེད། གཤམ་གསལ་རེའུ་མིག་ནང་རྣམ་གྲངས་རེ་རེ་བཞིན་ལ་ཐོ་འགོད་འགྲེལ་བཤད་དགོས་པ་མ་ཟད། གཡས་ངོས་སུ་དོན་དངོས་ཆ་འཕྲིན་དག་ཕབ་བླུགས་བྱ་དགོས།
འགྱུར་ལྡོག་ཡོད་པའི་ཆ་འཕྲིན། | |
---|---|
དེབ་བམ་དཔེ་ཆའི་མིང་། | |
Title of Text | |
དེབ་བམ་དཔེ་ཆའི་ཁ་བྱང་། | |
Cover Page | |
དེབ་བམ་དཔེ་ཆའི་ཁ་ཤོག་གི་མིང་། | |
Title on Cover | |
དེབ་བམ་དཔེ་ཆའི་ཟུར་གྱི་མིང་། | |
Title on Spine | |
དཔེ་ཆའི་ཁ་བྱང་། | |
Margin Title | |
རྩོམ་པ་པོ། | |
Author of Text | |
ཕྱོགས་བསྡུས་ཀྱི་མིང་། | |
Name of Collection (if applicable) | |
དཔེ་སྐྲུན་ཁང་གི་མིང་། | |
Publisher Name | |
དཔེ་སྐྲུན་ཁང་གི་གནས་ཡུལ། | |
Publisher Place | |
དཔེ་སྐྲུན་དུས་ཚོད། | |
Publisher Date | |
ISBNཨང་རྟགས། | |
ISBN (if applicable) | |
མ་ཕྱི་དཔེ་མཛོད་ཁང་གི་CIP་ཨང་རྟགས། | |
Library Call-number (if applicable) | |
ཨང་རྟགས་གཞན། | |
Other ID number (if applicable) | |
པོ་ཏིའི་ཨང་རྟགས། | |
Volume Number (if applicable) | |
དེབ་བམ་དཔེ་ཆའི་ཤོག་གྲངས་དང་ཡིག་ཕྲེང་། | |
Pagination of Text | |
གློག་ལས་ནང་གི་དོན་ཚན་གྱི་ཤོག་གྲངས། | |
Pages Represented in this file | |
ཕབ་བསྒྱུར་མཁན་གྱི་མཚན། | |
Name of Inputter | |
ཕབ་བསྒྱུར་འགོ་ཚུགས་ཀྱི་དུས་ཚོད། | |
Date Inputting Begun | |
ཕབ་བསྒྱུར་མཇུག་སྒྲིལ་གྱི་དུས་ཚོད། | |
Date Inputting Finished | |
ཕབ་བསྒྱུར་གྱི་གནས། | |
Place of Inputting | |
ཕབ་བསྒྱུར་གྱི་ཐབས་ཤེས། | |
Method of Input | |
ཞུས་དག་མཁན་གྱི་མཚན། | |
Name of Proofreader | |
ཞུས་དག་འགོ་ཚུགས་ཀྱི་དུས་ཚོད། | |
Date Proofreading Began | |
ཞུས་དག་མཇུག་སྒྲིལ་གྱི་དུས་ཚོད། | |
Date Proofreading Finished | |
ཞུས་དག་བཏང་སའི་གནས། | |
Place of Proofreading | |
རྟགས་བརྒྱབ་མཁན་གྱི་མཚན། | |
Name of Markup-er | |
རྟགས་བརྒྱབ་འགོ་ཚུགས་ཀྱི་དུས་ཚོད། | |
Date Markup Began | |
རྟགས་བརྒྱབ་མཇུག་སྒྲིལ་གྱི་དུས་ཚོད། | |
Date Markup Finished | |
རྟགས་བརྒྱབ་སའི་གནས། | |
Place of Markup | |
དོགས་གནད་གསལ་བཤད། | |
Problems/Anomalies | |
འགྱུར་ལྡོག་བཏང་མཁན་གྱི་མིང་། | |
Name of Converter | |
འགྱུར་ལྡོག་བཏང་འགོ་ཚུགས་པའི་དུས་ཚོད། | |
Date Conversion Began | |
འགྱུར་ལྡོག་བཏང་མཇུག་སྒྲིལ་བའི་དུས་ཚོད། | |
Date Conversion Finished | |
འགྱུར་ལྡོག་བཏང་སའི་གནས། | |
Place of Conversion |